ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཀོས་ཀྲིག་གིས་ལག་ལེན་དུ་བསྟར་བ་ཞེས་པའི་ཆེད་དོན་དྲིལ་བསྒྲགས་མཚམས་སྦྱོར་ཚོགས་འདུ་ཀོས་དབྱང་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭགསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་ཀྲུང་གུང་ཀོས་ཀྲིག་ཞིང་ཆེན་ཏང་ཨུས་མཉམ་འབྲེལ་སྒོས་བསྒྲུབས་པའི། ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཀོས་ཀྲིག་གིས་ལག་ལེན་དུ་བསྟར་བ་ཞེས་པའི་ཆེད་དོན་དྲིལ་བསྒྲགས་མཚམས་སྦྱོར་ཚོགས་འདུ་ཚེས་ཉེར་གཉིས་ཉིན་ཀོས་དབྱང་དུ་བསྡུས་ཤིང་། དབུལ་ཐར་མཁྲེགས་གཏོར་ཐག་གཅོད་བྱེད་ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་མཁྲེགས་གཏོར་ཐག་གཅོད་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་དང་གྲུབ་འབྲས་གལ་ཆེན་ཕྱོགས་ཡོངས་ནས་ངོ་སྤྲོད་གནང་། ལ་ཏིན་མེ་གླིང་གི་རྒྱལ་ཁབ་བཅུ་དྲུག་དང་། སྲིད་ཏང་དང་སྲིད་ཏང་གི་རྩ་འཛུགས་བདུན་ཅུ་ལྷག འགོ་ཁྲིད་པ་ཉིས་བརྒྱ་ལྷག་བཅས་ཀྱིས་དྲ་རྒྱའི་བརྙན་ལམ་བརྒྱུད་དེ་ཚོགས་འདུར་ཞུགས། ཚོགས་འདུའི་བརྒྱུད་རིམ་ཧྲིལ་པོ་གོ་ལ་ཧྲིལ་པོར་ཐད་གཏོང་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།