ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་འཕུར་སྐྱོད་འཕྲུལ་མིས་ས་བབ་མཐོ་བའི་ཚན་རིག་རྟོག་ཞིབ་ལ་རམ་འདེགས་ཐེངས་དང་པོ་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། “ཚན་རྩལ་ལ་བརྟེན་ནས་མཚོ་བོད་ཚན་རིག་རྟོག་ཞིབ་ལ་རམ་འདེགས་བྱེད”ཅེས་པ་ལག་བསྟར་གཏིང་ཟབ་བྱས་ནས་མཚོ་བོད་ས་མཐོའི་ཁོར་ཡུག་འགྱུར་ལྡོག་གི་རྐྱེན་རྩ་གསལ་སྟོན་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར་ཀྲུང་གོ་ཚན་རིག་ཁང་ཧྲེན་དབྱང་རང་འགུལ་ཅན་ཞིབ་འཇུག་སུའོ་ཡིས་རང་བརྟེན་ཞིབ་བཟོ་བྱས་པའི“སྤྲིན་བྱའི”རང་བརྟེན་འཕུར་སྐྱོད་འཕྲུལ་ཆས(གཤམ་དུ“སྤྲིན་བྱ”ཞེས་བསྡུ་རྒྱུ)ཀྱིས་མཚོ་བོད་ས་མཐོར་ས་བབ་མཐོ་བའི་འཁྱགས་རོམ་དང་མཚེའུ་ཡི་རིག་ནུས་ཅན་གྱི་ཚན་རིག་རྟོག་ཞིབ་ལས་དོན་སྤེལ་ནས་རང་རྒྱལ་གྱི་འཕྲུལ་མིས་ས་བབ་མཐོ་བའི་ཁོར་ཡུག་གི་ཚན་རིག་རྟོག་ཞིབ་ཐེངས་དང་པོ་མངོན་འགྱུར་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཧྲེན་དབྱང་རང་འགུལ་ཅན་གྱིས་ཞིབ་བཟོ་བྱས་པའི“སྤྲིན་བྱའི”འཕུར་སྐྱོད་འཕྲུལ་མིས“རླུང་ཁམས་ཆེན་པོའི་ནུས་ཆེའི་འཕར་ཤུགས་མ་ལག་གི་ཇུས་འགོད”དང“ས་མཐོའི་རླུང་ཆེན་གྱི་འགལ་རྐྱེན་འོག་གི་རང་བརྟེན་ཚོད་འཛིན”སོགས་ལག་རྩལ་གྱི་འཇུར་མིག་ལས་ཚད་བརྒལ་བྱུང་ནས་གསོ་རླུང་མི་འདང་བ་དང་རླུང་ཆེན་གྱི་འགལ་རྐྱེན་བཟོ་བ་སོགས་ཀྱི་དམིགས་བསལ་ཁོར་ཡུག་འོག་རང་བརྟེན་འབབ་འཕུར་དང་། གནས་གཏན་འཁེལ། མཁའ་འགྲུལ་རྗེས་ཤུལ། ས་ཐོག་ཏུ་འཕུར་སྐྱོད། འགུལ་མེད་འགོག་རྐྱེན་དངོས་པོ་རྡབ་གཡོལ་སོགས་ཀྱི་རང་བརྟེན་ནུས་པ་ཐོན་ཡོད། “སྤྲིན་བྱ”ལ“ཚན་རིག་རྟོག་ཞིབ་ཀྱི་ཐེག་ཚད་སྤྱི་རྒྱ་5འཁྱེར་བ་དང་རླུང་ཆེན་རིམ་པ་7འགོག་པ་དང་། ས་བབ་མཐོ་ཚད་སྨི་6000ཟིན་པའི་མཐོ་ཚད་ལ་སྐར་མ་30ཙམ་འཕུར་སྐྱོད་བྱེད་པའི”ཕྱོགས་བསྡུས་ནུས་པ་ལྡན་པ་ནི་རང་རྒྱལ་གྱི་ས་བབ་ཧ་ཅང་མཐོ་བའི་ཁོར་ཡུག་དང་འཚམ་པའི་ཚན་རིག་རྟོག་ཞིབ་བྱེད་མཁན་འཕྲུལ་མི་ཐོག་མ་དེ་ཡིན་པ་རེད།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།