ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཀྲུང་གོས་ཨ་མེ་རི་ཁའི་ནང་སྲིད་ལ་ཐེ་གཏོགས་གཏན་ནས་བྱེད་ཀྱིན་མེད་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས་མཁན་ཝང་དབྱི་ཡིས། མོ་སི་ཁོ་རུ་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལུའོ་ཧྥུའུ་དང་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱེད་སྐབས། ཀྲུང་གོས་ཨ་མེ་རི་ཁའི་ནང་སྲིད་ལ་ཐེ་གཏོགས་བྱས་ཡོད་ཟེར་བའི་དྲི་བར་རང་གི་ལྟ་སྟངས་བརྗོད།

ཝང་དབྱི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོས་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་གཏན་ནས་བྱེད་ཀྱིན་མེད། ཨ་མེ་རི་ཁའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ་ནི་ཀྲུང་གོའི་ཕྱི་འབྲེལ་གྱི་སྲོལ་རྒྱུན་ཡིན་པར་མ་ཟད། ཀྲུང་གོ་བའི་བྱ་བ་སྒྲུབ་སྟངས་ཤིག་ཡིན་ལ་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ཞིག་ཀྱང་ཡིན། དེང་གི་དུས་འདི་ནི་ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པར་རེ་བ་འདོན་པའི་དུས་སྐབས་ཤིག་ཡིན། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཨ་མེ་རི་ཁའི་ནང་སྲིད་ལ་དམིགས་བཙུགས་པའི་གྲོས་གཞིར་གྲོས་བསྡུར་དང་གཏན་འབེབས་གཏན་ནས་བྱས་མྱོང་མེད་ནའང་། ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་ཀྲུང་གོའི་ནང་སྲིད་ལ་དམིགས་བཙུགས་ཏེ་གྲོས་གཞི་སྣ་ཚོགས་བཏོན་ཡོད་ཅིང་། དེ་ནི་ཨ་མེ་རི་ཁས་དོ་དམ་བྱེད་ཐལ་ཆེ་བ་དང་ལག་པ་བརྐྱངས་དྲགས་པ་རེད། ང་ཚོས་ཨ་མེ་རི་ཁའི་མི་ཁ་ཤས་ལ་སྔོན་ལ་རང་ཉིད་ཀྱི་བྱ་བར་དོ་དམ་ཡག་པོ་བྱེད་རྒྱུ་མ་ཟད། རྒྱལ་སྤྱིའི་འབྲེལ་བའི་ཚད་གཞི་བརྩི་སྲུང་ནན་མོ་བྱས་ཏེ། རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པའི་རེ་སྐུལ་བྱེད་ཀྱིན་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།