ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་དབྱང་པའེ་པིན་སྐུ་འཁྲུངས་ནས་ལོ་ངོ100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1126472145_15996401510941n.jpg

 ཟླ9བའི་ཚེས9ཉིན་བློ་མཐུན་དབྱང་པའེ་པིན་སྐུ་འཁྲུངས་ནས་ལོ་ངོ100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་ཀྲུང་དབྱང་སྒྲིག་ཨུའི་ཧྲུའུ་ཅི་ཀྲའོ་ལེ་ཅི་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད། ཚོགས་འདུ་མ་འཚོགས་པའི་སྔོན་ལ་བློ་མཐུན་དབྱང་པའེ་པིན་གྱི་གཉེན་ཉེར་མཇལ་འཕྲད་གནང་།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བློ་མཐུན་དབྱང་པའེ་པིན་སྐུ་འཁྲུངས་ནས་ལོ་ངོ100འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས9ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་ཀྲུང་དབྱང་སྒྲིག་ཨུའི་ཧྲུའུ་ཅི་ཀྲའོ་ལེ་ཅི་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད། ཚོགས་འདུ་མ་འཚོགས་པའི་སྔོན་ལ་བློ་མཐུན་དབྱང་པའེ་པིན་གྱི་གཉེན་ཉེར་མཇལ་འཕྲད་གནང་བ་རེད།

བློ་མཐུན་དབྱང་པའེ་པིན་ནི་དེ་སྔོན་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ། སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་བཅུ་བཞི་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་བཅས་ཡིན་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་བཞུགས་མོལ་ཚོགས་འདུའི་སྟེང་བློ་མཐུན་དབྱང་པའེ་པིན་གྱིས་ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་ཆེད་དུ་སྐུ་ཚེ་ཧྲིལ་པོར་འོད་སྟོང་འཕྲོ་བའི་དམག་འཐབ་ཀྱི་ལེགས་སྐྱེས་ཕུལ་བར་ཕྱིར་དྲན་གནང་ཞིང་། ཁོང་གིས་བློ་དཀར་ལ་དད་མོས་དང་ཏང་ལ་བློ་དཀར་བའི་ཆབ་སྲིད་གཤིས་རྒྱུད་དང་། ཡར་རྒྱས་བརྩོན་ལེན་དང་གསར་གཏོད་སྲོལ་འབྱེད་བྱེད་ཕོད་པའི་འགན་འཁྲི་འཁུར་ཕོད་པ་དང་། ལག་ལེན་དངོས་དང་དམ་པ་དོན་གཉེར་གྱི་སྙིང་རུས་ཀྱི་སྤྱོད་ཚུལ། རྩ་དོན་རྒྱུན་འཁྱོངས་དང་རང་གཅུན་ནན་པོ་བྱེད་པའི་གཤིས་རྒྱུད་དང་ཉམས་འགྱུར་བཅས་ལ་སློབ་སྦྱོང་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་འབད་འཐབ་ཧུར་ཐག་བྱེད་དགོས་ཞེས་ནན་གྱིས་བསྟན།

  ཀྲུང་དབྱང་དམག་ཨུའི་ཨུ་ཡོན་ནམ་དམག་ཨུའི་ཆབ་སྲིད་ལས་དོན་པུའུ་ཡི་ཀྲུའུ་རེན་མེའོ་ཧྭ་ཡིས་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།