ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་རྒོལ་བའི་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་དོན་ལྔ་འགོར་བར་རྗེས་དྲན་བྱེད་པར་སྔོན་གཤེགས་དཔའ་བོར་མེ་ཏོག་འབུལ་བའི་མཛད་སྒོ་པེ་ཅིང་ནས་བསྡུས།

ཡོང་ཁུངས། : ཀྲུང་དབྱང་བརྙན་འཕྲིན་དྲ་བ།     སྤེལ་དུས། : 2020-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཟླ་དགུ་བའི་ཚེས་གསུམ་ཉིན། ཀྲུང་གོའི་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་རྒོལ་བའི་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་དོན་ལྔ་འགོར་བར་རྗེས་དྲན་བྱེད་པར་སྔོན་གཤེགས་དཔའ་བོའི་མེ་ཏོག་འབུལ་བའི་མཛད་སྒོ་དེ་ཀྲུང་གོའི་མི་དམངས་འཇར་འགོག་དམག་འཁྲུག་གི་རྗེས་དྲན་ཁང་ནས་སྤེལ། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལིས་ཁི་ཆང་། ལེ་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་ལས་རིགས་སོ་སོའི་འཐུས་མི་དང་མཉམ་དུ་མཛད་སྒོར་ཞུགས། 

སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་ང་བདུན་སྟེང་། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལེ་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཡུལ་དངོས་སུ་འབྱོར། ཞི་ཅིན་ཕིང་སོགས་ཀྲུང་གོའི་མི་དམངས་འཇར་འགོག་དམག་འཁྲུག་གི་རྗེས་དྲན་ཁང་གི་མདུན་ནས་ཀྲོང་ངེར་བཞེངས་ཏེ་མྱ་ངན་ཞུས་པ་དང་། འཇར་འགོག་དམག་འཁྲུག་ལ་ཞུགས་མྱོང་བའི་འཐབ་མོ་བ་རྒན་པ་དང་འཇར་འགོག་དམག་འཁྲུག་གི་དམག་དཔོན་གྱི་ཁྱིམ་མིའི་འཐུས་མི་དང་། འཇར་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོའི་ཁྱིམ་མིའི་འཐུས་མི། ཀྲུང་གོའི་མི་དམངས་འཇར་འགོག་དམག་འཁྲུག་གི་རྒྱལ་ཁའི་ཆེད་དུ་བྱས་རྗེས་བཞག་པའི་རྒྱལ་སྤྱིའི་གྲོགས་པོའི་ཁྱིམ་མིའི་འཐུས་མི། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག་འཐུས་མི། རྒྱལ་སའི་ལས་རིགས་སོ་སོའི་མང་ཚོགས་འཐུས་མི་བཅས་ཀྱིས་རྗེས་དྲན་ཁང་ལ་ཁ་གཏད་དེ་མྱ་ངན་ཞུས། 

ཀྲུང་དབྱང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། འཇར་འགོག་འཐབ་འཁྲུག་ལ་ཞུགས་པའི་འཐབ་མོ་བ་རྒན་པ། རྒྱལ་སའི་ལས་རིགས་སོ་སོའི་མང་ཚོགས་བཅས་ཀྱིས་སོ་སོར་ཕུལ་བའི་མེ་ཏོག་དག་རྗེས་དྲན་ཁང་གི་མདུན་ངོས་སུ་བཤམས་ཡོད། དུས་ཚོད་བཅུའི་སྟེང་། འཇར་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོའི་མེ་ཏོག་འབུལ་བའི་མཛད་སྒོ་དངོས་སུ་མགོ་བརྩམས། 

ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་རོལ་ཚོགས་ཀྱིས་བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས་དཀྲོལ་ལེན་བྱས་པ་དང་། ཚོགས་ར་ཡོངས་ཀྱིས་མཉམ་དུ་སྐད་གསེང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། རྒྱལ་གླུ་བླངས་ཚར་རྗེས་ཚོགས་ར་ཧྲིལ་བོས་མི་ཁུ་སིམ་མེར་ཀྲོང་ངེར་ལངས་ཏེ་ཀྲུང་གོའི་མི་དམངས་འཇར་འགོག་དམག་འཁྲུག་ཁྲོད་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུས། 

དེའི་རྗེས་སུ་མགོ་ཁྲིད་བློ་མཐུན་གཞན་པ་དང་ལས་རིགས་སོ་སོའི་འཐུས་མི་རིམ་པ་བཞིན་དུ་རྗེས་དྲན་ཁང་དུ་སོང་ནས་མེ་ཏོག་ཕུལ། 

ཚེ་ཆི་ཡིས་མཛད་སྒོར་མགོ་འཛིན་བྱས་པ་དང་། ཏེན་ཞོས་ཞང་དང་ཞུའུ་ཆི་ལིང་། ཀྲང་ཡུག་ཞཱ། ཁྲིན་ཞི། ཧོང་ཁོན་མེན། ཀྲང་ཁྲོང་ཞན། ཞའོ་ཅེ། མཱ་པེའོ། དེ་མིན་ལིས་ཙོ་ཁྲིན། མེའོ་ཧྭ། ཀྲང་ཧྲིན་མེན་བཅས་མཛད་སྒོར་ཞུགས། 

ཀྲུང་དབྱང་ཏང་སྲིད་དམག་གསུམ་དང་མང་ཚོགས་ཀྱི་འབྲེལ་ཡོད་སྡེ་ཁག་དང་པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་འཐུས་མི་བཅས་མཛད་སྒོར་ཞུགས།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།