ཀྲུང་གོ་བོད་ཀྱི་དྲ་བ།

2020ལོར་རྒྱལ་ཡོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་མ་ལག“སྤུས་ཚད་ཟླ་བ”ཞེས་པ་སྤེལ་འགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ9བའི་ཚེས2ཉིན།  ལས་གཞིའི་སྤུས་ཚད་བདེ་འཇགས་དོ་དམ་མ་ལག་འཛུགས་སྐྱོང་ལ་སྔར་ལས་ཤུགས་སྣོན་རྒྱག་པ་དང་།  ལས་གཞིའི་སྤུས་ཚད་བདེ་འཇགས་ཀྱི་དཔེ་དེབ་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས།  ལས་གཞིའི་སྤུས་ཚད་དོ་དམ་ཚད་ལྡན་དུ་གཏོང་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་།  བཟོ་སྐྲུན་ལས་གཞིའི་སྤུས་ཚད་རྒྱུན་མཐུན་ངང་མཐོ་རུ་གཏོང་ཆེད།  2020ལོར་རྒྱལ་ཡོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ཁོངས་གཏོགས་ཀྱི“སྤུས་ཚད་ཟླ་བ”ཚེས2ཉིན་པེ་ཅིང་དུ་སྤེལ་འགོ་ཚུགས་པ་རེད།

  “སྤུས་ཚད་ཟླ་བ”འགོ་འཛུགས་པ་དང་སྤུས་ཚད་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ།  བཟོ་སྐྲུན་སྤུས་ཚད་མཐོ་རུ་གཏོང་བའི་ཡུལ་དངོས་ཚོགས་འདུའི་སྟེང་སྒྲོག་སྦྱངས་བྱས་པའི་སྤུས་ཚད་ཚེ་གང་བོར་འགན་འཁུར་བའི་ལམ་ལུགས་ཀྱི་གྲོས་གཞིའི་ཡི་གེའི་བླང་བྱ་ལྟར།  སྤུས་ཚད་ཚེ་གང་བོར་འགན་འཁུར་རྒྱུར་ལག་བསྟར་བྱེད་དགོས་པ་དང་།  ལག་རྩལ་དངོས་འབེབས་དོ་དམ་ལ་ནན་འཛིན་བྱེད་པ།  ལག་རྩལ་གྱི་ཚད་གཞིའི་ལས་ཀ་ཚད་ལྡན་དུ་གཏོང་བ།  སྤུས་ཚད་ལྟ་སྐུལ་ལ་ཚོད་འཛིན་ནན་མོ་བྱེད་པ།  སྔ་མོ་ནས་སྤུས་ཚད་ཇུས་འགོད་བྱ་རྒྱུ་དང་ཚན་རྩལ་དོ་དམ་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས།  སྤུས་ཚད་སྟེགས་བུའི་བཀོལ་སྤྱོད་ལ་སྐུལ་འདེད་བཏང་སྟེ་བཟོ་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།