ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་རྒྱལ་ཁབ་རྩྭ་ཐང་གི་རང་བྱུང་སྤྱི་གླིང་དངོས་སུ་སྐྲུན་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཚེས29ཉིན་ནང་སོག་རང་སྐྱོང་ལྗོངས་ཁྲི་ལེ་ཁྲོན་སོགས་རྒྱལ་ཡོངས་ཀྱི་ཁག་དང་པོའི་རྒྱལ་ཁབ་རྩྭ་ཐང་གི་རང་བྱུང་སྤྱི་གླིང་ཚོད་ལྟ་བྱ་ཡུལ39ཡི་འཛུགས་སྐྲུན་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། དེ་ཐོག་ནས་རང་རྒྱལ་གྱི་རྒྱལ་ཁབ་རྩྭ་ཐང་གི་རང་བྱུང་སྤྱི་གླིང་དངོས་སུ་སྐྲུན་འགོ་ཚུགས་པ་མཚོན་གྱི་ཡོད།

རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཧྲུའུ་མིང་གིས་ཚོགས་འདུའི་ཐོག་རྩྭ་ཐང་ནི་སའི་གོ་ལའི“སྐྱི་ལྤགས”ལྟ་བུ་ཡིན་ལ་སྐམ་སའི་སྣོད་བཅུད་མ་ལག་གཙོ་བོའི་གྲས་དང་། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་ལ། ཞིང་འབྲོག་པའི་འཚོ་བ་སྐྱེལ་བའི་ཁྱིམ་གཞིས་དང་ཐོན་སྐྱེད་རྒྱུ་ཆ་གལ་ཆེན་དང་དེ་བཞིན་རྒྱ་ཆེའི་མི་དམངས་མང་ཚོགས་ངལ་གསོ་བའི་སྔོ་ལྗང་བར་མཐོངས་ཀྱང་ཡིན། ནགས་ལས་དང་རྩྭ་ཐང་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་མ་ནུས་ལྡན་བཏང་ནས་རྩྭ་ཐང་ཉམས་གསོ་དང་སྲུང་སྐྱོང་བྱ་ཆེད། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཚོད་ལྟ་བྱ་རྒྱུའི་ཐག་བཅད་དེ་རྒྱལ་ཁབ་རྩྭ་ཐང་གི་རང་བྱུང་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད་ཅེས་བརྗོད།

ཁོང་གིས་བླང་བྱ་བཏོན་དོན། ས་གནས་ཁག་གིས་ཚོད་ལྟ་བྱེད་རིང་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་དང་ལུགས་མཐུན་བེད་སྤྱོད་ཀྱི་འབྲེལ་བ་ཐག་གཅོད་གང་ལེགས་བྱས་ཏེ“སྣོད་བཅུད་སྔོན་དུ་འཇོག་པ་དང་། ལྗང་མདོག་འཕེལ་རྒྱས། ཚན་རིག་དང་མཐུན་པའི་བེད་སྤྱོད། ནུས་ཆེའི་དོ་དམ”བཅས་ཀྱི་གཞི་རྩའི་རྩ་དོན་གཞིར་བཟུང་། སྔར་སྡོད་ཞིང་འབྲོག་པ་དང་འབྲེལ་ཡོད་ཁེ་ཕན་གྱི་བྱེད་པོའི་ཁྲིམས་མཐུན་ཁེ་དབང་ལ་བརྩི་འཇོག་གང་ཐུབ་བྱེད་པ་དང་། དེའི་རྨང་གཞིའི་ཐོག་འོས་འཚམ་ངང་ཕྱུགས་ཟོག་འཚོ་སྐྱོང་དང་། སྣོད་བཅུད་ཡུལ་སྐོར། ཚན་རིག་ཁྱབ་གདལ་དང་སློབ་གསོ་དྲིལ་བསྒྲགས། ཚན་ཞིབ་ལྟ་སྐུལ་ཚད་ལེན། རིག་གནས་མྱོང་རོལ་སོགས་ཀྱི་བྱེད་སྒོ་སྤེལ་ནས་ལྗང་མདོག་དང་རྒྱུན་སྲིང་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དགོས།

ད་རེས་གཏན་ལ་ཁེལ་བའི་རྒྱལ་ཁབ་རྩྭ་ཐང་གི་རང་བྱུང་སྤྱི་གླིང་ཚོད་ལྟ་བྱ་ཡུལ39ལ་རྒྱ་ཁྱོན་སྤྱི་ཆིང་ཁྲི14.7ཡོད་པར་དྲོ་བའི་རང་བཞིན་གྱི་རྩྭ་ཐང་དང་། ན་སྤང་གི་རྩྭ་ཐང་། མཐོ་གྲང་གི་རྩྭ་ཐང་སོགས་ཚུད་ཅིང་། ཞིང་ཆེན(རང་སྐྱོང་ལྗོངས)11དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། ཧེ་ལུང་ཅང་ཞིང་ཆེན་ཞིང་སྦོལ་སྤྱི་ཁྱབ་ཅུས་བཅས་དང་འབྲེལ་ཁར་ས་ཁོངས་སྣོད་བཅུད་ཀྱི་གནས་བབ་གལ་ཆེ་བ་དང་། ཚབ་མཚོན་རང་བཞིན་ཆེ་བ། མི་རིགས་ཀྱི་དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་བཅས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།