ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུ་རྒྱུག་ཁུལ་གྱི་གཙང་བོ་དང་མཚེའུ་དོ་དམ་སྲུང་སྐྱོང་གི་འགན་འཁྲིའི་མ་ལག་གཞི་རྩའི་ཆ་ནས་གྲུབ་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཆུ་བེད་པུའུ་ནས་ཤེས་རྟོགས་བྱས་པར། མིག་སྔར་རྨ་ཆུ་རྒྱུག་ཁུལ་གྱི་གཙང་པོ་དང་མཚེའུ་དོ་དམ་སྲུང་སྐྱོང་གི་འགན་འཁྲིའི་མ་ལག་གཞི་རྩའི་ཆ་ནས་གྲུབ་པ་དང་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་རགས་ཙམ་བཙུགས་པས་རྨ་ཆུའི་ཟང་ཟིང་གི་རྣམ་པ་བཅོས་སྒྲིག་ལ་ཕན་ནུས་རགས་ཙམ་ཐོན་ཡོད། གཙང་པོ་དང་མཚེའུའི“ལྟ་འདོམས་ལ་ཤུགས་སྣོན་རྒྱག་རྒྱུ”རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ་དང“ཁྲིམས་སྲོལ་ལམ་ལུགས་དང་། དཔྱད་ཞིབ་ལྕག་སྐུལ། ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་ནུས་ལྡན་བཏོན་པས་རྨ་ཆུ་རྒྱུག་ཁུལ་གྱི“ཟང་ཟིང་བཞིའི”གནད་དོན་ཐོན་ཚད་གཞི་རྩའི་ཆ་ནས་བཀག་འགོག་ཐུབ་སྟེ་བྱེ་མ་སྔོག་འདོན་གྱི་སྒྲིག་ལམ་སྤྱིའི་ཆ་ནས་བརྟན་པོ་དང་ལེགས་སུ་ཕྱིན་ནས་ཆུ་བོ་དང་མཚེའུ་ཡི་རྣམ་པ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

ཆུ་བེད་པུས། རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས)9ཡིས་རྨ་ཆུ་རྒྱུག་ཁུལ་གྱི་གཙང་པོ་དང་མཚེའུ་ཡི་ཆུ་དཔོན་ལམ་ལུགས་ཀྱི་རྩ་འཛུགས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་རྨ་ཆུ་རྒྱུག་ཁུལ་གྱི་གཙང་པོ་དང་མཚེའུ་ཡི་ཆུ་དཔོན་ལམ་ལུགས་ལས་དོན་ལ“མིང་ཡོད་པ”དང་། “དངོས་ཡོད”“ནུས་ལྡན”བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཆུ་དཔོན་དང་མཚོ་དཔོན་གྱི་འགན་སྒྲུབ་ལ་ཤུགས་སྣོན་བརྒྱབ་ནས་གཙང་པོ་དང་མཚེའུ་ཚང་མར་དོ་དམ་བྱེད་མཁན་ཡོད་པ་དང་། དོ་དམ་བྱེད་ཐུབ་པ། དོ་དམ་ཡག་པོ་བྱེད་པ་བཅས་འགན་ལེན་བྱེད་དགོས་པ། སྡེ་ཚན་གྱི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་དང་ལས་བགོས་མཉམ་ལས་བྱས་ཏེ་མཉམ་ཤུགས་ཆགས་པར་བྱེད་དགོས་པ། སྐོར་ཞིབ་པ་དང་། ཆུ་སྲུང་བ། ཆུ་ལམ་གཙང་སྦྲ་བྱེད་མཁན་བཅས་ཀྱི་དཔུང་ཁག་འཛུགས་རྒྱུའི་འཚོལ་ཞིབ་བྱེད་དགོས་པ། གཙང་པོ་དང་མཚེའུ་དོ་དམ་སྲུང་སྐྱོང“མཐའ་མའི་འགག་གནད”ལས་བསྒྲལ་ནས་གཙང་པོ་དང་མཚེའུ་ཡི་དོ་དམ་སྲུང་སྐྱོང་ཁྱོན་ཡོངས་ལ་ཁྱབ་པར་བྱེད་དགོས་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ས་གནས་ཁག་གི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་དཔྱད་ཞིབ་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུ་གུའི”ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས་པ་བཅས་བཏོན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།