ཀྲུང་གོ་བོད་ཀྱི་དྲ་བ།

ཐོན་ཁུངས་དཔྱ་ཁྲལ་བཅའ་ཁྲིམས་ཟླ9བའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཐོན་ཁུངས་དཔྱ་ཁྲལ་བཅའ་ཁྲིམས》2020ལོའི་ཟླ9བའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་རེད། ཐོན་ཁུངས་དཔྱ་ཁྲལ་བཅའ་ཁྲིམས་དེ་ལྗང་མདོག་དཔྱ་ཁྲལ་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ད་ལྟ་ལག་བསྟར་བྱེད་མུས་ཀྱི་དཔྱ་ཁྲལ་ལམ་ལུགས་ཀྱི་སྒྲོམ་གཞི་དང་དཔྱ་ཁྲལ་གྱི་ཁུར་པོའི་ཆུ་ཚད་སྤྱིའི་ཆ་ནས་མི་འགྱུར་བ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་གསར་པའི་བླང་བྱ་གསར་པ་དང་མཐུན་པ་དང་། ཐོན་ཁུངས་བསྲི་ཚགས་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་ཀྱི་ཐོན་ཁུངས་དཔྱ་ཁྲལ་གྱི་བྱེད་ནུས་ཆེ་རུ་འགྲོ་རྒྱུ་རེད།

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་རྒྱུ་ནོར་དང་བྱ་སྤྱོད་དཔྱ་ཁྲལ་སི་ཡི་སི་ཀྲང་པུའུ་ཞང་ལའེ་ཡིས་ཐོན་ཁུངས་དཔྱ་ཁྲལ་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག་དང་བསྡུར་ན་ཐོན་ཁུངས་དཔྱ་ཁྲལ་བཅའ་ཁྲིམས་ཀྱིས་དཔྱ་ཁྲལ་གྱི་རྣམ་གྲངས་གཅིག་གྱུར་ཚད་ལྡན་བཟོས་ཡོད་པ་དང་། ཞིབ་ཕྲའི་ཁྲལ་ཚད་གཏན་འཁེལ་གྱི་དབང་ཚད་སྙོམས་སྒྲིག་བྱས་ཏེ་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་ཚད་ལྡན་དུ་བཏང་ཡོད་པ་དང་ཆབས་ཅིག ཐོན་ཁུངས་དཔྱ་ཁྲལ་བཅའ་ཁྲིམས་ཀྱི་དབང་ཆ་སྤྲོད་པའི་གཏན་འབེབས་གཞིར་བཟུང་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་ཁག་གིས་ཀྱང་ས་གནས་དེ་གའི་ཁྲལ་འཇལ་ཐོན་ཁུངས་ཀྱི་ཞིབ་ཕྲའི་ཁྲལ་ཚད་དང་། རྩིས་བསྡུ་བྱེད་སྟངས། དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་བཅས་གཅིག་རྗེས་གཉིས་མཐུད་ངང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད་ཅེས་ངོ་སྤྲོད་བྱས།

ཧོ་ནན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཉེ་ཆར《ཧོ་ནན་ཞིང་ཆེན་གྱི་ཐོན་ཁུངས་དཔྱ་ཁྲལ་སྤྱོད་རྒྱུར་འཚམ་པའི་ཁྲལ་ཚད་སོགས་དོན་ཚན་སྐོར་གྱི་གཏན་འབེབས》བཀྲམ་སྟེ། གསོག་ཚད་རྩད་ཆོད་བྱས་ཐོག་གཏེར་འདོན་ཆོག་འཐུས་སྤྲད་པའི་གཏེར་རིགས75ཁྲལ་བསྡུའི་ཁྱབ་ཁོངས་ནང་བཅུག་པ་དེ་ཞིང་ཆེན་ཡོངས་ཀྱི་མིག་སྔར་གསར་སྤེལ་བྱས་པའི་ཐོན་ཁུངས་ཡོངས་ཀྱི་དངོས་རྫས་ཀྱི་རྣམ་གྲངས་ལ་ཁྱབ་ཡོད་པ་རེད། ཧྲན་ཤིས་སུ་ཁེ་ལས་ཀྱིས་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་བར་སྐུལ་མ་བྱ་ཆེད་ཁྲལ་འཇལ་མཁན་གྱིས་མཉམ་ཆགས་གཏེར་ཁ་དང་སྤུས་ཚད་དམའ་བའི་གཏེར་ཁ་སྔོག་འདོན་བྱས་པར་ས་གཤིས་རྩད་ཞིབ་ཀྱི་སྙན་ཞུ་དང་གཏེར་ཁའི་ཐོན་ཁུངས་གསོག་ཚད་ཐོ་འགོད་དཔང་ཡིག་ལ་གཞིགས་ནས་ཐོན་ཁུངས་དཔྱ་ཁྲལ་བརྒྱ་ཆ་སུམ་ཅུ་ཆག་ཡང་དང་རྩ་ཆག་ཏུ་གཏོང་གི་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐོན་ཁུངས་དཔྱ་ཁྲལ་བཅའ་ཁྲིམས་ཀྱིས་ད་དུང་དཔྱ་ཁྲལ་ལམ་ལུགས་ཀྱི་རྒྱུ་རྐྱེན་གཅིག་གྱུར་དང་། ཁྲལ་འཇལ་གྱི་ཡིག་ཐོག་སྙན་ཞུ་སྟབས་བདེ་རུ་གཏོང་བ། གཟིགས་སྐྱོང་སྲིད་ཇུས་ཚད་ལྡན་དུ་གཏོང་བ་བཅས་བྱས་ཡོད་པ་རེད། ཐོན་ཁུངས་དཔྱ་ཁྲལ་བཅའ་ཁྲིམས་ཀྱིས་ཟླ་དང་ཡང་ན་དུས་ཚིགས་ལྟར་འཇལ་སྤྲོད་རེ་ཞུ་བྱེད་པའི་གཏན་འབེབས་བཟོས་པ་མ་ཟད། རེ་ཞུའི་དུས་ཡུན་དེ་ཚེས1ཉིན་དང་། ཚེས3ཉིན། ཚེས5ཉིན། ཚེས10ཉིན། ཚེས15ཉིན་བཅས་ཡང་ན་ཟླ1པོའི་ནང་ཉིན15ནང་ཚུན་དུ་གཅིག་གྱུར་བྱས་ཏེ་ཁྲལ་རིགས་གཞན་དང་གཅིག་གྱུར་བཟོས་ནས་ཁྲལ་འཇལ་མཁན་གྱི་རེ་ཞུའི་ཐེངས་གྲངས་ཉུང་དུ་བཏང་བས་ཁྲལ་སྒྲུབ་ཀྱི་ཁུར་པོ་ཡང་དུ་ཏན་ཏིག་ཕྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།