ཀྲུང་གོ་བོད་ཀྱི་དྲ་བ།

ཆིང་ཧྭ་སློབ་ཆེན་གྱིས་ཡར་བརྩོན་འཆར་གཞིའི་ནང་གྲོང་གསེབ་ཀྱི་སློབ་མ197བསྡུས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། གསར་འགོད་པར་ཆིང་ཧྭ་སློབ་ཆེན་ནས་ཤེས་རྟོགས་བྱུང་གསལ། ད་ལོ་རྒྱལ་ཡོངས་ཀྱི་ཞིང་ཆེན28ཀྱི་སློབ་འབྲིང268ཀྱི་གྲོང་གསེབ་སློབ་མ317ལ་ཆིན་ཧྭ་སློབ་ཆེན་གྱི་ཡར་བརྩོན་འཆར་གཞིའི་སློབ་བསྡུའི་གཟིགས་སྐྱོང་ངོས་འཛིན་ཐོབ་ཡོད། མཐར་མི197ཆིང་ཧྭ་སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་གཏན་འཁེལ་བྱས་པའི་མི་གྲངས་དང་དེ་བཞིན་སློབ་བསྡུའི་མི་གྲངས་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་ཤོས་བཏོད་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཆིང་ཧྭ་སློབ་ཆེན་གྱིས2011ལོར་ཡར་བརྩོན་འཆར་གཞི་ཐོག་མར་བཏོད་པ་མ་ཟད། ལག་བསྟར་ཡང་བྱས་ནས་དུས་ཡུན་རིང་པོའི་ནང་གྲོང་གསེབ་ས་ཁུལ་དང་ཐག་རིང་ལུང་ཁུག་ས་ཁུལ་དབུལ་པོའམ་ཡང་ན་མི་རིགས་ས་ཁུལ་བཅས་སུ་འཚོ་བ་སྐྱེལ་མཁན་གྱི་སློབ་མ་བསྡུ་བའི་སྲིད་ཇུས་ལ་ཕྱོགས་ནས་སྐར་གྲངས་མི་འདྲ་བའི་སྐར་གཅོག་སློབ་བསྡུའི་གཟིགས་སྐྱོང་བྱས་ཡོད།

ཆིང་ཧྭ་སློབ་ཆེན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། ཆིང་ཧྭ་སློབ་ཆེན་གྱིས“ཁུལ་གསུམ་དང་ཀྲོའུ་གསུམ”སོགས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་དམིགས་ནས་ཡར་བརྩོན་གྱི་འཆར་གཞི་དེ་ཡར་བརྩོན་བྱ་སྤྱོད་དུ་རིམ་སྤོར་བྱས་ནས་སྲིད་ཇུས་གནད་ལ་འཁེལ་བ་དང་། སྒྲོག་འགྲེལ་གནད་ལ་འཁེལ་བ། གསོ་སྐྱོང་གནད་ལ་འཁེལ་བ་བཅས་མཐའ་འཁྱོངས་བྱས་ཏེ་ཐག་རིང་ལུང་ཁུག་དང་། དབུལ་པོ། མི་རིགས་ས་ཁུལ་བཅས་ནས་ཡོང་བའི“ཁྱིམ་ཚང་དབུལ་པོའི་སློབ་མའི”ཆིན་ཧྭའི་ཕུགས་འདུན་འགྲུབ་པར་ཆ་རྐྱེན་དང་གོ་སྐབས་ཧུར་ཐག་བསྐྲུན་ཡོད། ཡར་བརྩོན་འཆར་གཞི་ཕུད། ཆིང་ཧྭ་སློབ་ཆེན་གྱིས་ད་དུང་རྒྱལ་ཁབ་ཀྱི་ཆེད་དོན་འཆར་གཞི་བརྒྱུད་དེ་གྲོང་གསེབ་ཀྱི་སློབ་མ་དབུལ་པོ་བསྡུ་ཡི་ཡོད། མིག་སྔའི་བར་གྲོང་གསེབ་ཀྱི་ས་ཁུལ་དབུལ་པོའི་སློབ་མ2700ལྷག་ཙམ་ཡར་བརྩོན་འཆར་གཞི་དང་རྒྱལ་ཁབ་ཀྱི་ཆེད་དོན་འཆར་གཞི་བརྒྱུད་ཆིང་ཧྭ་སློབ་ཆེན་ལ་རྒྱུགས་འཕྲོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།