ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་ཁྲོང་ཧྭ་ཡིས་མགོ་འཛིན་བྱས་ཏེ་ཉིས་སྟོང་ཉི་ཤུ་ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཉོ་ཚོང་བརྗེ་རེས་ཚོགས་འདུའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-08-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་ཉི་ཤུ་ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཉོ་ཚོང་བརྗེ་རེས་ཚོགས་འདུའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཚེས་ཉེར་བརྒྱད་ཉིན་པེ་ཅིང་ནས་བསྡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཧུའུ་ཁྲོང་ཧྭ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ་གཏམ་བཤད་སྤེལ། 

པེ་ཅིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི། རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་དང་པོ་ཚེ་ཆི་གྲོས་ཚོགས་ལ་ཞུགས། 

ཧུའུ་ཁྲོང་ཧྭ་ཡིས་བསྟན་དོན། སྐབས་འདིའི་ཞབས་ཞུའི་ཉོ་ཚོང་བརྗེ་རེས་ཚོགས་འདུ་མི་འགྱངས་པར་འཚོག་རྒྱུ་ཡིན་པ་དང་། གྲ་སྒྲིག་བྱ་བ་ཚང་མ་ཆེས་མཇུག་མཐའི་གནད་འགག་གི་དུས་རིམ་དུ་བསླེབ་ཡོད། ཁོངས་གཏོགས་སྡེ་ཁག་སོ་སོས་དེའི་སྔོན་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསལ་བྱེད་པ་དང་། ནན་ཏན་གྱིས་གྲ་སྒྲིག་བྱ་བ་སྣ་ཚོགས་ལ་སྐུལ་འདེད་བཏང་ནས་གྲུབ་འབྲས་བཟང་བོ་བླངས་ཡོད། རྗེས་ཕྱོགས་ཡང་འབད་བསྐྱར་འབད་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་དགོས་གལ་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་གཏན་འཁེལ་བྱས་པའི་བྱ་བའི་བཀོད་སྒྲིག་གཞིར་བཟུང་སྟེ། བྱ་བའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ནུས་ཤུགས་ཡོད་དགུས་ཆེས་མཇུག་མཐའི་དུས་རིམ་གྱི་གྲ་སྒྲིག་བྱ་བ་སྣ་ཚོགས་དང་ལྟག་རྒྱབ་ཀྱི་ཞབས་ཞུའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབས་ཏེ། སྐབས་འདིའི་ཞབས་ཞུའི་ཉོ་ཚོང་བརྗེ་རེས་ཚོགས་འདུར་གྲུབ་འབྲས་བཟང་བོ་ལོན་པར་ཁག་ཐེག་བྱས་ནས། ཧུར་ཐག་སྒོས་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཆེ་བའི་ཞབས་ཞུའི་ཉོ་ཚོང་གི་རྒྱལ་སྤྱིའི་རིམ་པ་དང་པོའི་འགྲེམ་སྟོན་ཚོགས་འདུ་གསར་བསྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར། 

ཧུའུ་ཁྲོང་ཧྭ་ཡིས་ནན་གྱིས་བསྟན་དོན། ཁོངས་གཏོགས་ལས་ཁུངས་སོ་སོས་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བྱེད་པ་དང་། བྱ་བའི་ཇུས་གཞི་སྔར་ལས་ཞིབ་ཚགས་སུ་གཏོང་བ། བརྒྱུད་རིམ་ཧྲིལ་བོ་དང་རྐྱེན་ཡོངས་སུ་འདུས་པའི་སྦྱོང་བརྡར་བྱ་བ་སྤེལ་ནས་ཚོགས་མགོ་རྩོམ་པའི་མཛད་སྒོར་ལེགས་འགྲུབ་འབྱུང་བར་འགན་སྲུང་བྱེད་དགོས། རིམས་ནད་འགོག་སྲུང་ལ་ཟོལ་མེད་ཀྱིས་ཤུགས་སྣོན་བྱས་ཏེ། འགོག་སྲུང་བྱེད་ཐབས་དེ་ཉོ་ཚོང་ཚོགས་འདུའི་བརྒྱུད་རིམ་དང་ལས་རིམ་ཧྲིལ་བོར་ལག་བསྟར་ནན་མོ་བྱེད་དགོས། སེམས་ཞིབ་མོས་ནང་དོན་གྱི་འགྲེམ་སྟོན་ལ་ཇུས་འགོད་བྱས་ཏེ་འགྲེམ་སྟོན་གྱི་ཕན་ནུས་ཇེ་མཐོར་གཏོང་བ་དང་། ཁྱད་པར་དུ་ལག་རྩལ་བྱེད་ཐབས་སྣ་ཚོགས་བེད་སྤྱོད་བྱས་ནས། དྲ་སྟེང་དང་འགྲེམ་སྟོན་ནང་དོན་ལེགས་བསྒྱུར་བྱེད་དགོས། ཕྱོགས་ཡོངས་ནས་ཞབས་ཞུའི་འགན་སྲུང་ཆུ་ཚད་ཇེ་མཐོར་བཏང་ནས། ཉེན་ཁའི་རྩད་གཅོད་དང་བདེ་སྲུང་བྱ་བ་བཟང་བོར་བསྒྲུབས་ཏེ་ཧུར་ཐག་སྒོས་གསར་འགྱུར་དྲིལ་སྒྲོག་ལ་སྐུལ་འདེད་གཏོང་དགོས་ཟེར། 

ཉིས་སྟོང་ཉི་ཤུ་ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཉོ་ཚོང་བརྗེ་རེས་ཚོགས་པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་སོ་སོ་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།