ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཨན་ཧུའེ་རུ་བྱ་བར་རྟོག་ཞིབ་གནང་བར་ཕེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ8པའི་ཚེས18ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཨན་ཧུའེ་རུ་བྱ་བར་རྟོག་ཞིབ་གནང་བར་ཕེབས་པ་རེད། ཉིན་དེའི་ཕྱི་དྲོ། ཁོང་སྔ་རྗེས་སུ་ཧྥུ་དབྱང་གྲོང་ཁྱེར་ཧྥུ་ནན་རྫོང་ཝང་ཅ་པ་ཀྲ་དང་། ཧུང་ལེའང་སྒམ་ཁུག་ཚད་ཡོད་ཀུང་སི། མེང་ཝ་ཞུའུ་ཧོང་ཁུལ་ཚའོ་ཅི་གྲོང་རྡལ་ལི་མིན་སྡེ་བའི་ཞི་ཐེན་ཕོ་གྲོང་ཐའེ་ལ་ཕེབས་ནས། ཧོའེ་ཧོ་ཆུ་བོའི་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་། ཞིང་ཁར་བསྐྱོད་དེ་ས་གནས་དེ་གའི་འབྲུབ་འགོག་གེགས་སེལ་དང་གནོད་སྐྱོན་བྱུང་རྗེས་ཐོན་སྐྱེད་སླར་གསོ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་ཡང་གནང་བ་རེད། །

1.jpg

2.jpg

3.jpg

4.jpg

5.jpg

6.jpg

8.jpg

9.jpg

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།