ཀྲུང་གོ་བོད་ཀྱི་དྲ་བ།

ལོ་བརྒྱད་རིང་རྒྱལ་ཡོངས་ཀྱི་ས་ཆུ་ཤོར་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི23ལྷག་ཙམ་ཇེ་ཆུང་དུ་ཕྱིན་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཆུ་བེད་པུས2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ས་ཆུ་ཤོར་བའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་དོན་ལེགས་གྲུབ་ཟིན་ཡོད། མཇུག་འབྲས་ལས་རང་རྒྱལ་གྱི་ས་ཆུ་ཤོར་ཚུལ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་། སྣོད་བཅུད་ཁོར་ཡུག་སྤྱི་ཡོངས་ནས་ལེགས་སུ་འགྲོ་ཚུལ་སྔར་བས་བརྟན་དུ་སོང་བ། ས་ཆུ་ཤོར་ཚད“གཉིས་ཆག”དང་ཆུ་ཡིས་ཟད་པ་རླུང་གིས་ཟད་པ“གཉིས་ཀ་ཆག་པའི”རྣམ་པ་མངོན་ཡོད།

གྲངས་གཞི་ལས་མངོན་གསལ། 2019ལོའི་ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི271.08ཟིན་པ་དེ2018ལོ་ལས་སྤྱི་ལེ་ངོས་གྲུ་ཁྲི2.61ཆུང་དུ་ཕྱིན་ནས་ཆག་ཚད0.95%ཟིན་ཡོད། 2011ལོའི་རྒྱལ་ཡོངས་ཀྱི་ཆུ་བེད་ཡོངས་བཤེར་ཐེངས་དང་པོའི་གྲངས་གཞི་དང་བསྡུར་ན་ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི23.83ཆུང་དུ་སོང་བ་དང་སྤྱིའི་ཆག་ཚད8.08%ཟིན་པ་དང་། ཆ་སྙོམས་བྱས་ན་ལོར་སྤྱི་ལེ་ངོས་གྲུ་ཁྲི་3གྱི་མྱུར་ཚད་ཐོག་ནས་ཆུང་དུ་འགྲོ་བཞིན་ཡོད།

རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་སྲུང་སྐྱོང་དང་སླར་གསོའི་ཁུལ་གྱི་ས་ཆུ་ཤོར་ཚུལ་རྒྱུན་མཐུད་ལེགས་སུ་འགྲོ་བཞིན་ཡོད། ཆུ་ཡིས་ཟད་ཚད་གཙོ་བོར་བྱས་པའི་ནུབ་བྱང་ས་སེར་ས་མཐོ་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད། པེ་ཅིང་དང་། ཐེན་ཅིང་། ཧོ་པེ་བཅས་ས་ཁུལ། འབྲི་ཆུའི་འགག་གསུམ་ཆུ་མཛོད་ཁུལ། ཏན་ཅང་ཁོའུ་ཆུ་མཛོད་ཁུལ་དང་དེའི་སྟོད་རྒྱུད། བྱང་ཤར་གྱི་ས་ནག་ཁུལ། ལྷོ་ནུབ་བྱེ་རྡོ་ཅན་དུ་འགྱུར་བའི་ས་ཁུལ་བཅས་ཀྱི་ལོ་འགའི་ས་ཆུ་ཤོར་བའི་རྒྱ་ཁྱོན་ཆག་ཚད་ཆ་སྙོམས་བྱས་ན1.28%ནས1.91%བར་ཡིན། རླུང་གིས་ཟད་ཚད་གཙོ་བོར་བྱས་པའི་མཚོ་བོད་ས་མཐོ་དང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ལོ་འགའི་ས་ཆུ་ཤོར་བའི་རྒྱ་ཁྱོན་ཆག་ཚད0.55%དང1.27%སོ་སོར་ཟིན་ཡོད།

གཙང་པོ་དང་ཆུ་བོ་ཆེན་པོ་རྒྱུག་ཁུལ་གྱི་ས་ཆུ་ཤོར་ཚུལ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད། འབྲི་ཆུ་དང་། རྨ་ཆུ། ཧོའེ་ཧོ་གཙང་པོ། ཧའེ་ཧོ་གཙང་པོ། ཀྲུའུ་ཅང་གཙང་པོ། སུང་ལེའོ། ཐའེ་ཧུའུ་མཚེའུ། ལྷོ་ནུབ་ཀྱི་ཆུ་བོ་སྣ་ཚོགས་སོགས་གཙང་པོ་དང་ཆུ་བོ་ཆེན་པོ་རྒྱུག་ཁུལ་གྱི་ས་ཆུ་ཤོར་བའི་རྒྱ་ཁྱོན་གྱི་ཆག་ཚད་ཀྱི་ཆ་སྙོམས་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཀྱི་ཆག་ཚད་ལས་མཐོ་བ་ཡོད་པ་དང་། རྒྱུག་ཁུལ་ཁག་གི་ས་ཆུ་ཤོར་ཚད་ཚང་མ་འབྲིང་ཙམ་ཡིན། 2018ལོ་དང་བསྡུར་ན་རྨ་ཆུ་རྒྱུག་ཁུལ་གྱི་འབྲིང་ཙམ་དང་དེ་ཡན་གྱི་ས་ཆུ་ཤོར་བའི་རྒྱ་ཁྱོན་གྱི་ཆག་ཚད7.37%ཟིན་ཡོད། 2018ལོ་དང་བསྡུར་ན་འབྲི་ཆུ་རྒྱུག་ཁུལ་གྱི་རིམ་པ་ཧ་ཅང་མཐོ་བ་དང་དེ་ཡན་གྱི་ས་ཆུ་ཤོར་བའི་རྒྱ་ཁྱོན་སྔར་བས་ཆུང་དུ་ཕྱིན་པ་དང་། ས་ཆུ་ཤོར་ཚད་ཅུང་ཆུང་བའི་བསྡུར་ཚད་ཀྱི་བཟུང་ཚད་བརྒྱ་ཆའི་གྲངས3.28འཕར་ཡོད་པ་རེད། ཧོའེ་ཧོ་གཙང་པོ་དང་ཧའེ་ཧོ་གཙང་པོ་རྒྱུག་ཁུལ་གྱི་ས་ཆུ་ཤོར་ཚད་ཅུང་ཆུང་བའི་བསྡུར་ཚད་ཀྱི་བཟུང་ཚད90%ལྷག་ཙམ་ཟིན་པ་དང་། ཀྲུའུ་ཅང་གཙང་པོ་དང་སུང་ལེའོ་གཙང་པོ་རྒྱུག་ཁུལ་གྱི་ས་ཆུ་ཤོར་ཚད་ཅུང་ཆུང་བའི་བསྡུར་ཚད་ཀྱི་བཟུང་ཚད70%ལྷག་ཙམ་ཟིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།