ཀྲུང་གོ་བོད་ཀྱི་དྲ་བ།

ནན་ཅིང་གིས་རྒྱལ་སྤྱིའི་ཞི་བདེའི་འདུ་ཚོགས་འཚོགས་ནས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ75འཁོར་བར་དྲན་གསོ་ཞུས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས15ཉིན་ནི་རི་པིན་གྱིས་ཆ་རྐྱེན་གང་ཡང་མེད་པར་མགོ་བཏགས་ཞུས་ནས་ལོ75འཁོར་བའི་དྲན་གསོའི་ཉིན་མོ་རེད་ལ། ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་དམག་གིས་ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་དྲན་གསོ་ཁང་བཙུགས་ནས་ལོ35འཁོར་བའི་ཉིན་མོ་ཡང་རེད། ཉིན་དེའི་སྔ་དྲོའི་ཆུ་ཚོད8པར། དྲན་གསོ་ཁང་གི་སྤྱི་མཆོད་ཐང་ཆེན་ཐོག་རྣམ་པ་བརྗིད་ཉམས་ལྡན་པ་དང་། རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ཤིང་། ནན་ཅིང་ཙེ་ཅིན་ཚའོ་རྒྱལ་སྤྱིའི་ཞི་བདེའི་སློབ་གྲྭའི་སློབ་ཕྲུག་གི་འཐུས་མིས་ཞི་བདེའི་ཅོང་ཆེན་བརྡུངས་པ་རེད།

ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་ཞི་བདེར་གཅེས་སྤྲས་ཀྱི་འདུ་ཤེས་མཚོན་པར་བྱ་ཆེད། སྔ་དྲོའི་ཆུ་ཚོད9པར། དྲན་གསོ་ཁང་གིས“རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ75འཁོར་བའི་རྒྱལ་སྤྱིའི་ཞི་བདེའི་འདུ་འཚོགས”འཚོགས་པ་རེད། ཞི་བདེར་དགའ་ཞེན་བྱེད་མཁན་མི་སྣས་ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་སྤུན་ཟླ་ཁྲི30ལ་མཆོད་འབུལ་ཞུ་ལུགས་དང་སྔོན་གཤེགས་དཔའ་བོར་གུས་འདུད་ཞུ་ལུགས་མཚོན་པར་བྱས་པ་མ་ཟད། དེ་བཞིན་ཡུན་རིང་ཞི་བདེ་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། སྔོན་ཆད་ལོ་ལྟར་གྱི་ཟླ8པའི་ཚེས15ཉིན་ནན་ཅིང་བརྟན་སྲུང་དང་ཀྲུང་གོའི་ཉམ་ཐག་མི་འཁྱར་ཁྲི25ལ་སྲུང་སྐྱོང་བྱེད་མཁན་རྒྱལ་སྤྱིའི་མཛའ་གྲོགས་མི་སྣའི་རྗེས་རབས་པ་དང་དེ་བཞིན་རི་པིན་གྱི་མཛའ་གྲོགས་ཚོགས་པ་དྲན་གསོ་ཁང་དུ་བསྐྱོད་དེ་ཞི་བདེའི་འདུ་ཚོགས་འཚོགས་ཀྱི་ཡོད། འདི་ལོ་རིམས་ནད་ཀྱི་རྐྱེན་པས་ཁོང་ཚོས་བརྙན་ལམ་གྱི“སྤྲིན་ཚོམ་འདུ་ཚོགས”བརྒྱུད་ལོ་རྒྱུས་ལ་ཕྱིར་དྲན་དང་། ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་བ། དམག་འཁྲུག་གི་གདུག་རྩུབ་ལ་སྔར་བས་ངོས་འཛིན་གཏིང་ཟབ་བཅས་བྱས་ནས་ཞི་བདེར་གཅེས་སྤྲས་བྱེད་ལུགས་མཚོན་པར་བྱས་ཡོད།

ཉིན་དེར་དྲན་གསོ་ཁང་དེས་ད་དུང་འགྲེམས་ཁང3པར“ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་དམག་གིས་ནན་ཅིང་དམར་གསོད་ཆེ་མོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་དྲན་གསོ་ཁང་བཙུགས་ནས་ལོ35འཁོར་བའི་དྲན་གསོའི་འགྲེམས་སྟོན”གཉེར་བ་རེད། དྲན་གསོ་ཁང་གི་ཀོན་ཀྲང་ཀྲང་ཅན་ཅུན་གྱིས་ལོ35ཡི་རིང་དྲན་གསོ་ཁང་གིས་རིག་དངོས་ཉར་ཚགས་དང་། ལོ་རྒྱུས་ཞིབ་འཇུག འགྲེམས་སྟོན། སྤྱི་ཚོགས་སློབ་གསོ། ཕྱི་ཕྱོགས་ཁྱབ་སྤེལ་བཅས་བྱས་ནས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་ཞི་བདེར་གཅེས་སྤྲས་བྱེད་པའི་འབོད་སྒྲ་རྒྱུན་ཆད་མེད་པར་སྒྲོག་སྤེལ་བྱས་ཡོད་ཅེས་བརྗོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།