ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་སི་རི་ལན་ཁའི་གསར་དུ་བསྐོ་གཞག་བྱས་པའི་ཙུང་ལི་ལ་ཅ་ཕ་ཁེ་ས་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མ་ཞིན་ཏ་ལ་ཅ་ཕ་ཁེ་ས་ལ་གློག་འཕྲིན་བཏང་ནས་ཁོང་རང་སི་རི་ལན་ཁའི་དམངས་གཙོ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལིའི་འགན་བཞེས་པར་རྟེན་འབྲེལ་ཞུས། 

ལིས་ཁི་ཆང་གིས་གློག་འཕྲིན་ནང་བཤད་རྒྱུར།  ཀྲུང་གོ་དང་སི་རི་ལན་ཁའི་བར་སྲོལ་རྒྱུན་མཛའ་མཐུན་གྱི་འབྲེལ་བ་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་ཀྱི་ལྷག་བསམ་རྣམ་དག་དང་མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ལྷག་པར་དུ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་མི་དམངས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་སོ་སྲུང་རོགས་རེས་བྱས་ཏེ། པྲོག་གསར་གློ་ཚད་ཀྱི་རིམས་ནད་ལ་མཉམ་དུ་འགོག་རྒོལ་བྱས་པས་ཀྲུང་གོ་དང་སི་རི་ལན་ཁའི་མཛའ་གྲོགས་སྲ་བརྟན་དང་གོང་འཕེལ་བྱུང་ཡོད།

   ལིས་ཁི་ཆང་གིས་བསྟན་དོན།  ལ་ཅ་ཕ་ཁི་ས་ཙུང་ལི་ཡིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་སི་རི་ལན་ཁའི་མཛའ་མཐུན་ལ་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་སི་རི་ལན་ཁ་ཕྱོགས་དང་སྲོལ་རྒྱུན་གྱི་མཛའ་གྲོགས་སྲ་བརྟན་དུ་གཏོང་འདོད་ཡོད་པ་དང་། གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོ་དང་སི་རི་ལན་ཁའི་འབྲེལ་བ་སྔར་བས་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་བས་བདེ་སྐྱིད་བསྐྲུན་དགོས་ཞེས་བསྟན།།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།