ཀྲུང་གོ་བོད་ཀྱི་དྲ་བ།

ཟླ7པར་རྒྱལ་ཡོངས་སུ་རང་བྱུང་གནོད་འཚེ་སྣ་ཚོགས་ལས་མི130ཚེ་ལས་འདས་པའམ་གར་སོང་ཆ་མེད་དུ་གྱུར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1126325114_15965487246041n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས4ཉིན་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཟླ7པའི་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། ཟླ་འདིར་རང་བྱུང་གནོད་འཚེ་སྣ་ཚོགས་ལས་མི་ཐེངས་ཁྲི4308ལ་གནོད་འཚེ་ཕོག་པ་དང་། མི130ཚེ་ལས་འདས་པའམ་གར་སོང་ཆ་མེད་དུ་གྱུར། དེའི་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར1170ཟིན་ཡོད།

དེའི་ནང་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ལས་མི་ཐེངས་ཁྲི3817.3ལ་གནོད་འཚེ་ཕོག་པ་དང་། མི56ཚེ་ལས་འདས་པའམ་གར་སོང་ཆ་མེད་དུ་གྱུར། མི་ཐེངས་ཁྲི299.6ལ་ཛ་དྲག་ངང་གནས་སྤོ་བཀོད་སྒྲིག་བྱས། ཁང་མིག་ཁྲི2.7རྡིབ་པ་དང་ཁང་མིག་ཁྲི24ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག དེའི་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར1097.4ཟིན་ཡོད། ཉེ་བའི་ལོ་5ཡི་དུས་མཚུངས་ཀྱི་ཆ་སྙོམས་གྲངས་དང་བསྡུར་ན། ཟླ7པར་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཕོག་པའི་མི་ཐེངས་དང་ཛ་དྲག་ངང་གནས་སྤོ་བཀོད་སྒྲིག་བྱས་པའི་མི་ཐེངས62.5%དང88.6%འཕར། གནོད་འཚེ་ཕོག་པ་ལས་རྐྱེན་ལམ་དུ་ཤོར་བའི་མི་ཐེངས་དང་ཁང་པ་བརྡིབས་པའི་གྲངས་འབོར74.2%དང67.3%མར་ཆག་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།