ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་པོ་ཏི་མའོ་མན་སི་དང་མཉམ་དུ་བརྙན་རིས་གྲོས་ཚོགས་བསྡུས་ནས་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས29ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་ནས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་པོ་ཏི་མའོ་མན་སི་དང་མཉམ་དུ་བརྙན་རིས་གྲོས་ཚོགས་བསྡུས་ནས་མཇལ་འཕྲད་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཟླ་བདུན་པའི་ཚེས་ཉེར་དགུའི་ཉིན་པེ་ཅིན་ནས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་པོ་ཏི་མའོ་མན་སི་དང་མཉམ་དུ་བརྙན་རིས་གྲོས་ཚོགས་བསྡུས་ནས་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ་ཀྲུང་གོ་དང་ཡོ་རོབ་གླིང་གིས་ཕན་ཚུན་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་མངོན་མཚོན་དང་ཕུན་སུམ་ཇེ་ཚོགས་སུ་བཏང་། ཀྲུང་གོ་དང་ཡོ་རོབ་གླིང་གིས་མཉམ་དུ་འབད་བརྩོན་བྱས་ཏེ། རིམས་འགོག་མཉམ་ལས་ལ་ཤུགས་སྣོན་བྱས་པར་མ་ཟད། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སྔ་མོ་ནས་སླར་གསོ་ཡོང་བར་སྐུལ་འདེད་བཏང་། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པ། ནུས་ཁུངས་དག་གཙང་སོགས་ཁྱབ་ཁོངས་ནས་ཀྲུང་གོ་ཕྱོགས་ཀྱིས་ཧུར་བརྩོན་དང་འགན་ཁུར་བའི་རྣམ་འགྱུར་བཅངས་ནས་རང་ཉིད་ཀྱི་བྱས་རྗེས་ཕུལ་ཡོད། དེ་དང་མཉམ་དུ་ཡོ་རོབ་གླིང་ཕྱོགས་དང་གྲོས་མོལ་མཉམ་ལས་བྱེད་པར་ཤུགས་བསྣན་ནས། ཐུན་མོང་གི་ཐོག་ཕྱོགས་མང་རིང་ལུགས་ལག་ལེན་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་རྒྱུན་ཆད་མེད་པར་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་ཡར་སྐུལ་གཏོང་འདོད་ཡོད་ཟེར།

ཏི་མའོ་མན་སི་ཡིས་བསྟན་དོན། ཡོ་རོབ་གླིང་དང་ཀྲུང་གོ་གཉིས་ཀྱིས་ཆེས་ལེགས་པའི་རིམས་འགོག་མཉམ་ལས་སྤེལ་བ་དེར་འཛམ་གླིང་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན། ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་ཡིན་པའི་ཆ་ནས་ཡོ་རོབ་གླིང་གིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་ཆེ་ཕྱོགས་དཔལ་འབྱོར་གྱི་མཐུན་སྦྱོར་དང་སླད་མེད་འཕེལ་རྒྱས་སོགས་ཁྱབ་ཁོངས་མཉམ་ལས་ལ་ཤུགས་བསྣན་ཏེ། ཕ་རེ་སིའི་གྲོས་མཐུན་ཧུར་ཐག་གིས་དངོས་འབེབ་བྱེད་པ་དང་ཐུན་མོང་གིས་ཕྱོགས་རང་ལུགས་སྐུལ་སྤེལ་བྱས་ནས། འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།