ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་རོལ་རྩེད་ཐོན་ལས་ལྡོག་འཕར་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-07-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  2020ལོའི་ཀྲུང་གོའི་རྒྱལ་སྤྱིའི་གྲངས་འཛིན་རོལ་རྩེད་ཐོན་ལས་ཚོགས་ཆེན་ཟླ7པའི་ཚེས30ཉིན་ཧྲང་ཧའེ་རུ་འགོ་ཚུགས་པ་དང་། 《2020ལོའི་ཟླ1པོ་ནས་ཟླ6པའི་བར་གྱི་ཀྲུང་གོའི་རོལ་རྩེད་ཐོན་ལས་སྙན་ཞུ》ཚེས་30ཉིན་ཁྱབ་བསྒྲགས་བྱས་པ་རེད།

བསྡོམས་རྩིས་བྱས་པར་གཞིགས་ན།  ད་ལོའི་ལོ་སྟོད་དུ་ཀྲུང་གོའི་རོལ་རྩེད་ཐོན་ལས་ལྡོག་འཕར་བྱུང་ཡོད་པ་དང་།  རོལ་རྩེད་ཁྲོམ་རའི་དོན་དངོས་ཕྱི་ཚོང་ཡོང་འབབ་སྒོར་དུང་ཕྱུར་1394.93ཟིན་ལ།  དེ་ལོ་སྔོན་མ་དང་བསྡུར་ན22.34%འཕར་ཡོད་པ་རེད།   དེའི་ཁྲོད་དུ་ཀྲུང་གོའི་ཞིབ་འཇུག་གསར་སྤེལ་བྱས་པའི་རོལ་རྩེད་དེ་རྒྱལ་ནང་གི་ཁྲོམ་རའི་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར1201.4ཟིན་པ་དང་།  དེ་ལོ་སྔོན་མ་དང་བསྡུར་ན30%འཕར་ཡོད།   །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།