ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་གི་ལས་འཛིན་ལྷན་ཚོགས་ཀྱི་ལོ་ཚོགས་སྐབས་ལྔ་བའི་བརྙན་རིས་གྲོས་ཚོགས་འགོ་རྩོམ་པའི་མཛད་སྒོའི་སྟེང་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་གི་ལས་འཛིན་ལྷན་ཚོགས་ཀྱི་ལོ་ཚོགས་སྐབས་ལྔ་པའི་བརྙན་རིས་གྲོས་ཚོགས་འགོ་རྩོམ་པའི་མཛད་སྒོའི་སྟེང་ཤིས་ཚིག་ཕུལ། ཞི་ཅིན་ཕིང་གིས་ཐོག་མར་གྲོས་ཚོགས་ཚོགས་པར་རྟེན་འབྲེལ་ཞུས་པ་དང་ཨེ་ཤ་ཡའི་དངུལ་གཏོང་དངུལ་ཁང་སྔར་ལས་འཕེལ་རྒྱས་སུ་སོང་བར་གདེང་འཇོག་ཆེན་པོ་གནང་། ཁོང་གིས་བསྟན་དོན། ཨེ་ཤ་ཡའི་དངུལ་གཏོང་དངུལ་ཁང་ནི་ཁོངས་གཏོགས་རྒྱལ་ཁབ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་སྟེགས་བུ་གསར་བ་ཞིག་ཏུ་འགྱུར་བར་བྱེད་དགོས། ཁོངས་གཏོགས་རྒྱལ་ཁབ་སོ་སོས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་གཙོར་འཛིན་པ་དང་སྤོབས་པ་ཆེན་པོས་གསར་གཏོད་གསར་སྐྲུན་བྱེད་པ་དང་ཕུལ་བྱུང་ལག་ལེན་གསར་སྐྲུན་བྱེད་པ། སྒོ་འབྱེད་བཟོད་སྒོམ་རྒྱུན་འཁྱོངས་བྱས་ཏེ། ཨེ་ཤ་ཡའི་དངུལ་གཏོང་དངུལ་ཁང་དེ་འཛམ་གླིང་ཡོངས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་རྣམ་པ་གསར་བའི་ཕྱོགས་མང་གསར་སྤེལ་དངུལ་ཁང་དང་བབ་བསྟུན་མདུན་སྐྱོད་ཀྱི་རྣམ་པ་གསར་བར་འཕེལ་རྒྱས་ལག་ལེན་སྟེགས་བུ། ཚད་གཞི་མཐོ་བའི་རྣམ་པ་གསར་བའི་རྒྱལ་སྤྱིའི་མཉམ་ལས་སྒྲིག་གཞི་དང་རྒྱལ་སྤྱིའི་ཕྱོགས་མང་མཉམ་ལས་ཀྱི་དཔེ་སྟོན་གསར་བ་གསར་སྐྲུན་བྱེད་དགོས། ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་ལག་ལེན་བྱེད་པ་དང་། སྒོ་འབྱེད་དང་མཉམ་ལས། མཉམ་རྒྱལ་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་མུ་མཐུད་དུ་ཁོངས་གཏོགས་རྒྱལ་ཁབ་སོ་སོ་དང་མཉམ་དུ་ཨེ་ཤ་ཡའི་དངུལ་གཏོང་དངུལ་ཁང་བསྒྲུབ་པར་རྒྱབ་སྐྱོར་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་པ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། འཛམ་གླིང་ཡོངས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ལག་ལེན་དངོས་ལས་མིའི་རིགས་ནི་འཆམ་མཐུན་མཉམ་གནས་དང་དཀའ་ཁག་མཉམ་སེལ་བྱེད་པའི་ལས་སྐལ་གཅིག་མཐུན་ཚོགས་པ་ཡིན་པ་བདེན་དཔང་བྱས་ཡོད་པས། ཕན་ཚུན་ལ་རྒྱབ་སྐྱོར་དང་མཐུན་སྒྲིལ་མཉམ་ལས་བྱས་ན་ད་གཟོད་ཉེན་ཁ་ལས་རྣམ་པར་རྒྱལ་བའི་མི་ཡུལ་གྱི་ཡང་དག་པའི་བགྲོད་ལམ་ཉག་ཅིག་ཡིན། དཔལ་འབྱོར་འཛམ་གླིང་ཅན་གྱི་བརྒྱུད་རིམ་ཁྲོད་བྱུང་བའི་འགལ་བ་ཐག་གཅོད་སྐབས། རྒྱལ་ཁབ་སོ་སོས་ཧུར་ཐག་སྒོས་སྔར་ལས་བཟོད་སྒོམ་བྱེད་པའི་འཛམ་གླིང་བཅོས་སྐྱོང་དང་སྔར་ལས་ཕན་ནུས་ལྡན་པའི་ཕྱོགས་མང་རྐྱེན་སྲོལ། སྔར་ལས་ཧུར་ཐག་བྱེད་པའི་ཁུལ་ཁོངས་མཉམ་ལས་ཆགས་པར་བྱེད་དགོས། ཨེ་ཤ་ཡའི་དངུལ་གཏོང་དངུལ་ཁང་དེ་ཁོངས་གཏོགས་རྒྱལ་ཁབ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་སྐལ་གྲོས་མཐུན་ཚོགས་པ་གསར་སྐྲུན་བྱེད་པའི་སྟེགས་བུ་གསར་བ་ཞིག་ཏུ་འགྱུར་བར་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་མཇུག་མཐར་བསྟན་དོན། ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པ་དང་ཕྱོགས་མང་རིང་ལུགས་ལག་ལེན་བྱས་ཏེ། སྒོ་འབྱེད་དང་མཉམ་ལས། མཉམ་རྒྱལ་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་ཇུས་འགོད་བྱེད་པ་ཡིན། ཀྲུང་གོས་མུ་མཐུད་དུ་ཁོངས་གཏོགས་རྒྱལ་ཁབ་སོ་སོ་དང་མཉམ་དུ་ཨེ་ཤ་ཡའི་དངུལ་གཏོང་དངུལ་ཁང་ལ་རྒྱབ་སྐྱོར་བྱེད་པ་དང་ཨེ་ཤ་ཡའི་དངུལ་གཏོང་དངུལ་ཁང་བཟང་བོར་བསྒྲུབ་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།