ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ནག་སེལ་གཞུང་ལས་ཁང་གིས2020ལོའི་རེས་སྐོར་དང་པོའི་ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་བྱེད་འགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས27ཉིན་གསར་འགོད་པས་རྒྱལ་ཡོངས་ནག་སེལ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ། ཟླ7པའི་ཚེས20ཉིན་ནས་བཟུང་། རྒྱལ་ཡོངས་ནག་སེལ་གཞུང་ལས་ཁང་གིས་ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང32རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཁུལ་གྱི་གཙོ་གནད་ས་ཁུལ་དང་གྲོང་ཁྱེར་དུ་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་མངགས་པ་རེད། མིག་སྔར་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཁུལ་ལ་རིམས་ནད་ཀྱི་རྐྱེན་གྱིས་ནར་འགྱངས་བྱས་པ་ལས་གཞན། ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ཁག་གཅིག་རྗེས་གཉིས་མཐུད་ངང་ལྟ་སྐུལ་མཛུབ་ཁྲིད་ནང་ཞུགས་པ་མ་ཟད་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་གྱི་ཏང་ཨུ་དང་སྲིད་གཞུང་གི་ལས་དོན་སྦྲེལ་མཐུད་ཀྱང་བྱས་པ་རེད།

   མཚམས་སྦྱོར་བྱས་པར་གཞིགས་ན། རེས་སྐོར་འདིའི་ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་ནི་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་རྒྱབ་ལྗོངས་འོག   གཙོ་གནད་ས་ཁུལ་དང་གྲོང་ཁྱེར། གནད་དོན་གཙོ་གནད་ལ་དམིགས་པ་ཞིག་རེད། “དྲུག་གཙང་བྱ་སྤྱོད”ཀྱི་ཞན་ཆ་དང་མི་འདང་ས་དམིགས་ཚད་དུ་བཟུང་ནས། རྒྱལ་ཡོངས་ནག་སེལ་གཞུང་ལས་ཁང་ངམ་ཞིང་ཆེན་ནག་སེལ་གཞུང་ལས་ཁང་གིས་མིང་སྦྱར་ལྟ་སྐུལ་དང་། བསྒྲུབ་རྒྱུར་སྤྲད་པའི་གྱོད་གཞི་དང་ཁུངས་སྣེ་གཙོ་གནད་དུ་བཟུང་སྟེ། ཕྱོགས་ཡོངས་ནས་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་ཆེད་དོན་འཐབ་རྩོད་མཐུན་སྦྱོར་ངང་སྐུལ་འདེད་དང་། དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། དུས་མཚུངས་སུ་ཆེད་དོན་བཅོས་སྒྲིག་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་། ཡུན་ཕན་ལམ་སྲོལ་འཛུགས་སྐྱོང་ལས་དོན་ལ་ལྟ་སྐུལ་གནང་བ་རེད། “ཅི་ཞིག་འཛུགས་རྒྱུ་དང་ཇི་ལྟར་སྐྲུན་རྒྱུར་དམིགས་ཏེ་བསམ་འཆར་དང་གྲོས་འགོ་བཏོན་ནས་ནག་སེལ་ངན་འཇོམས་ཀྱི་ཡུན་ཕན་རྒྱུན་བཅོས་ལམ་སྲོལ་འཛུགས་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།