ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འབྲུབ་འགོག་ཐན་འགོག་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་གཉིས་ཀྱིས་ཨན་ཧུའེ་ལ་སླར་ཡང་ཀྲུང་དབྱང་གི་འབྲུབ་འགོག་དངོས་རྫས་གཏོང་སྤྲོད་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས26ཉིན་གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉིན་ཤས་སྔོན་ལ་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་གཉིས་ཀྱིས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུའུ་དང་མཉམ་དུ་ཨན་ཧུའེ་ལ་བསླས་འཐག་ཁུག་མ་ཁྲི135དང་། བསླས་འཐག་རྒྱུ་ཆ་སྨི་གྲུ་བཞི་མ་ཁྲི120སོགས་ཀྲུང་དབྱང་གི་གྲབས་གསོག་འབྲུབ་འགོག་དངོས་རྫས་རིགས6ཨན་ཧུའེ་ཡི་ཆུ་འགོག་ཉེན་སེལ་ཐད་རོགས་སྐྱོབ་བྱས།

འཕྲལ་སྡོམ་དོ་དམ་པུའུ་ཡིས་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར། འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད། ཧོའེ་ཧོ་ཆུ་བོའི་འབབ་རྒྱུད་དུ་ཆུ་ཚད་མཐོ་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ“2020ལོའི་འབྲི་ཆུའི་ཆུ་ལོག་ཨང3པ”དེ་ཚེས26ཉིན་འབྲི་ཆུའི་སྟོད་རྒྱུད་དུ་ཆགས་ཏེ་ས་ཁུལ་ཁ་ཤས་སུ་ཉེན་ཁ་ཇེ་ཆེར་གྱུར། གནམ་གཤིས་སྡེ་ཚན་གྱིས་སྔོན་དཔག་བྱས་པར་གཞིགས་ན། མ་འོངས་པའི་ཉིན་གསུམ་རིང་ཁྲུང་ཆིང་དང་ཀུའེ་ཀྲོའུ། འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ས་ཁུལ་བཅས་སུ་དྲག་ཆར་འབབ་རྒྱུ་ཡིན་པས་འབྲུབ་འགོག་གི་དུས་བབ་སྔར་བཞིན་ཛ་དྲག་ཆེ་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཆུ་རྒྱས་པའི་དུས་སུ་སླེབས་པ་ནས་བཟུང་འཕྲལ་སྡོམ་དོ་དམ་པུའུ་ཡིས་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་འབྲུབ་འགོག་གཙོ་གནད་ས་ཁུལ་ལ་དེ་སྔོན་བཀོད་སྒྲིག་བྱས་པའི་ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་བཀོད་སྒྲིག་བྱས་ནས་འབྲུབ་འགོག་ཉེན་སེལ་རོགས་སྐྱོབ་ཐེངས10364ནང་ཞུགས་པ་དང་བཀོད་འཐབ་པ་མི་ཐེངས་ཁྲི13ལྷག་དང་། མེ་གསོད་རླངས་འཁོར་ཐེངས17778། གྲུ་གཟིངས་ཐེངས11887བཏང་བ་མ་ཟད། ཉེན་གྱར་མང་ཚོགས37777བསྐྱབས་པ་དང་ཉེན་གྱར་མང་ཚོགས་ཁྲི10.7ཁ་འགྲེམས་གནས་སྤོ་བྱས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།