ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་འགོ་འཛིན་མཛད་དེ་ས་ཁང་བདག་ཁོངས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་ཉེར་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་འགོ་འཛིན་མཛད་དེ་ས་ཁང་བདག་ཁོངས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཤིང་། དེང་སྐབས་ཀྱི་ས་ཁང་བདག་ཁོངས་ཚོང་རའི་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། དུས་སྐབས་རྗེས་མའི་ས་ཁང་བདག་ཁོངས་བྱ་བ་གཙོ་བོར་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་བསྟན་དོན། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དེང་སྐབས་ཀྱི་ས་ཁང་བདག་ཁོངས་ཚོང་རར་གནས་པའི་གནད་དོན་གསར་བ་དང་གནས་ཚུལ་གསར་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་ས་ཁང་བདག་ཁོངས་ཚོད་འཛིན་དང་སྙོམས་སྒྲིག་བྱེད་པ་དང་དམ་པོར་སྦྲེལ་ནས། བློ་བརྟན་འགྱུར་མེད་སྒོས་ནུས་ལྡན་རྐྱེན་སྲོལ་དངོས་འབེབས་བཟང་བོ་བྱེད་དགོས། གྲོང་ཁྱེར་སྲིད་གཞུང་གི་གཙོ་གཞིའི་འགན་འཁྲི་ཁྱོན་ཡོངས་ནས་དངོས་འབེབས་བཟང་བོ་བྱས་ཏེ། གནད་དོན་རྩད་ཆོད་རྗེས་མྱུར་དུ་ཐག་གཅོད་པ་དང་དུས་ཐོག་ཏུ་དམིགས་ཡུལ་རང་བཞིན་གྱི་སྲིད་ཇུས་དང་བྱེད་ཐབས་སྤྱོད་དགོས། ནོར་ཁྲལ་སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ་དང་ནུས་ལྡན་སྒོས་སྡོད་ཁང་གི་དགོས་མཁོ་ལེགས་སྒྲིག་བྱེད་དགོས། རྒྱུན་མཐུད་སྒོས་ས་ཁང་བདག་ཁོངས་ཚོང་རའི་མི་ལེགས་པའི་རྣམ་པར་དག་ཐེར་བཅོས་སྐྱོང་བྱས་ནས་ཁྲིམས་ལྟར་ནུས་ལྡན་སྒོས་ཁྲིམས་འགལ་ལུགས་འགལ་གྱི་སྤྱོད་ཚུལ་ལ་ཞིབ་བཤེར་དང་ཐག་གཅོད་བྱེད་དགོས། སྡོད་ཁང་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་པ་དང་ཡུལ་བབ་དང་བསྟུན་ནས་མཁར་གྲོང་གི་ཁང་རྙིང་གཞིས་ཁུལ་སྒྱུར་བཀོད་ལ་སྐུལ་འདེད་བཏང་ནས། གྲོང་ཁྱེར་སྡོད་དམངས་དང་ན་གཞོན་རྣམས་ཀྱི་འདུག་ཁང་གནད་དོན་ཐག་གཅོད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།