ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་ནོར་སྲིད་ཀྱིས་ཞིང་ལས་ཐོན་སྐྱེད་དང་ཆུ་བེད་གེགས་སེལ་མ་དངུལ་སྒོར་དུང་ཕྱུར8.3གཤམ་སྤྲོད་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པར་ཚེས22ཉིན་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། འབྲི་ཆུའི་དབུས་སྨད་རྒྱུད་དང་ཧོའེ་ཧོ་གཙང་པོའི་སྟོད་རྒྱུད་དང་དབུས་རྒྱུད་ཀྱི་གཙང་པོ་ཕལ་ཆེ་བའི་ཆུ་ཁ་སྔར་བཞིན་ཉེན་ཟོན་ལས་བརྒལ་ནས་འབྲུབ་འགོག་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ལ་ལྗིད་པོ་ཡོད་པས། རྒྱལ་ཁབ་འབྲུབ་འགོག་གེགས་སེལ་སྤྱི་ཁྱབ་བཀོད་འདོམས་པུས་འབྲི་ཆུ་དང་ཧོའེ་ཧོ་གཙང་པོའི་འབྲུབ་འགོག་གི་བརྡ་ལན་རིམ་པ་གཉིས་པ་སྔར་བཞིན་རྒྱུན་འཁྱོངས་བྱས་པ་རེད། དུས་མཚུངས་ཆར་ཆུ་བབ་ཁུལ་བྱང་རྒྱུད་དུ་འཕོས་ཏེ་ཆར་པ་ཧ་ཅང་ཆེན་པོ་འབབ་པའི་གནམ་གཤིས་བསྟན་མང་དུ་འགྲོ་བ་དང་རྨ་ཆུ་དང་ཧའེ་ཧོ་རྒྱུག་ཁུལ་དུ་ཛ་དྲག་ཆེ་བའི་འབྲུབ་ཆུ་ཐོན་སྲིད།

ཟླ་7ཚེས་22ཉིན་གྱི་ཆུ་ཚོད་6པ་བར། ཧོའེ་ཧོའི་ཆུ་གཞུང་ཨ་མའི་ཚོད་འཛིན་ས་ཚིགས་གཙོ་བོའི་ཆུ་ཁ་ཚང་མ་འགན་ལེན་ཐུབ་པའི་ཆུ་ཁ་མན་ཆད་དུ་ཆག་ཡོད། ཟླ་7ཚེས་22ཉིན་གྱི་ཆུ་ཚོད་8པར། ཧོའེ་ཧོ་གཙང་པོའི་ཞུས་དབྱི་ས་ཚིགས་ཀྱི་ཆུ་ཁ་སྨི་15.02ཟིན་ནས་ཉེན་ཟོན་ཆུ་ཁ་ལས་སྨི་0.42བརྒལ་བ་དང་ད་དུང་མུ་མཐུད་རྒྱས་བཞིན་ཡོད་པ་རེད། ཅང་སུའུ་ཞིང་ཆེན་ཆུ་བེད་ཐིང་གིས་ཟླ་7ཚེས་22ཉིན་གྱི་ཆུ་ཚོད་9པར། ཧོའེ་ཧོ་གཙང་པོ་ཅང་སུའུ་དུམ་བུའི་ཆུ་ལོག་གི་ཉེན་བརྡ་སེར་པོ་བཏང་བ་རེད།

འཕྲལ་སྡོམ་དོ་དམ་པུས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། འབྲུབ་དུས་གཙོ་བོ་ཟླ་6པ་ནས་བཟུང་། ཞོད་སྐྱོན་དང་ཆུ་ལོག་གི་གནོད་འཚེ་ཕོག་ནས་ཅང་ཤིས་དང་། ཨན་ཧུའེ། ཧུའུ་པེ། ཧུའུ་ནན། ཀོང་ཤིས། ཀུའེ་ཀྲོའུ། ཀོང་ཏུང་། ཁྲུང་ཆིང་། སི་ཁྲོན་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)27གྱི་མི་ཐེངས་ཁྲི་4552.3ལ་གནོད་འཚེ་ཕོག་པ་དང་། མི་142ཤི་བ་དང་གར་སོང་ཆ་མེད་དུ་གྱུར་བ། ཁང་པ་ཁྲི་3.5རྡིབ་པ། ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་1160.5ཕོག་པ་དེ་ཉེ་བའི་ལོ་ལྔའི་རིང་གི་དུས་མཚུངས་དང་བསྡུར་ན་གནོད་འཚེས་རྐྱེན་པས་ཤི་བ་དང་གར་སོང་ཆ་མེད་དུ་གྱུར་བའི་མི་གྲངས་56.5%ཆག་པ་དང་། ཁང་པ་རྡིབ་ཚད་72.4%ཉུང་དུ་ཕྱིན་པ། ཐད་ཀའི་དཔལ་འབྱོར་གྱོང་གུན་ཕོག་ཚད་5.0%ཆུང་དུ་ཕྱིན་པ་བཅས་རེད། ཟླ་7པ་ནས་བཟུང་། ཞོད་སྐྱོན་དང་ཆུ་ལོག་གི་གནོད་འཚེས་ཅང་ཤིས་དང་། ཨན་ཧུའེ། ཧུའུ་པེ། ཧུའུ་ནན། ཁྲུང་ཆིང་། ཀུའེ་ཀྲོའུ་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)25ཡི་མི་ཐེངས་ཁྲི་2736ལ་གནོད་འཚེ་ཕོག་པ་དང་། མི་37ཤི་བ་དང་གར་སོང་ཆ་མེད་དུ་གྱུར་བ། ཁང་པ་ཁྲི་2རྡིབ་པ། ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་754.9ཕོག་པ་དེ་ཉེ་བའི་ལོ་ལྔའི་དུས་མཚུངས་དང་བསྡུར་ན་གནོད་འཚེས་རྐྱེན་པས་ཤི་བ་དང་གར་སོང་ཆ་མེད་དུ་གྱུར་བའི་མི་གྲངས་80.6%ཆག་པ་དང་། ཁང་པ་རྡིབ་ཚད་74.5%ཉུང་དུ་ཕྱིན་པ། ཐད་ཀའི་དཔལ་འབྱོར་གྱོང་གུན་ཕོག་ཚད་1.4%ཆུང་དུ་ཕྱིན་པ་བཅས་རེད།

ཀྲུང་དབྱང་ནོར་སྲིད་ཀྱིས་ཚེས་20ཉིན། ཞིང་ལས་ཐོན་སྐྱེད་དང་ཆུ་བེད་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་8.3གཤམ་སྤྲོད་བྱས་ཏེ། ཅང་ཤིས་དང་ཧུའུ་པེ་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)12ཀྱི་གནོད་འཚེ་ཕོག་པའི་ས་ཁུལ་གྱི་ཆུས་འཁྱེར་བའི་ཆུ་བེད་དང་ཞིང་ལས་ཐོན་སྐྱེད་ཀྱི་སྒྲིག་ཆས་ཉམས་བཟོ་བྱེད་རྒྱུ་དང་གེགས་རྗེས་ཀྱི་ཞིང་ལས་ཐོན་སྐྱེད་ལ་མཁོ་བའི་དངོས་རྫས་ཉོ་སྒྲུབ་བྱེད་རྒྱུར་སྤྱད་དེ། གེགས་རྗེས་བསྐྱར་སྐྲུན་གང་མགྱོགས་བྱས་ནས་ཞིང་ལས་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་དུས་ཐོག་ཏུ་སླར་གསོ་ཐུབ་པར་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མ་དངུལ་དེ་དག་གི་སྟེང་ད་དུང་ཟླ་5པར་བདེ་འཇགས་ངང་འབྲུབ་དུས་སྒྲོལ་བར་སྤྱོད་རྒྱུའི་མ་དངུལ་སྒོར་དུང་ཕྱུར་4.6བསྣན་པས་འདི་ལོ་ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བརྒྱབ་ན། ཞིང་ལས་ཐོན་སྐྱེད་དང་ཆུ་བེད་གེགས་སེལ་གྱི་མ་དངུལ་སྒོར་དུང་ཕྱུར་12.9བཏང་ནས་ས་གནས་ཁག་གིས་འབྲུབ་འགོག་གེགས་སེལ་གྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།