ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལི་ཅི་ཡིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས19ཉིན་ནས་ཚེས22ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་ཅང་སུའུ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་དགོས་ལ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་བཀོད་སྒྲིག་ནན་ཏན་སྒོས་དངོས་འབེབས་བྱས་ཏེ། གནད་འཁེལ་ལག་བསྟར་ལྟ་རྟོག་འགན་འཁྲི་ཚད་ལྡན་དུ་གཏོང་བ་དང་། བརྟན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ་དང་འགན་སྲུང་དྲུག་གི་ལས་འགན་དངོས་འབེབས་བྱེད་པ་གཙོར་བཟུང་སྟེ་ལྟ་རྟོག་དང་སྐུལ་འདེད་བཏང་ནས། དཔལ་འབྱོར་འཕེལ་རྒྱས་དང་བརྟན་འཇགས་ལེགས་སྒྱུར་གནས་བབ་སྲ་བརྟན་དུ་གཏོང་བ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་སྟོབས་ལྡན་འགན་སྲུང་འདོན་སྤྲོད་བྱེད་དགོས།

ཀྲའོ་ལི་ཅི་སྔ་གཞུག་ཏུ་ཞུའུ་ཀྲིག་བཟོ་ལས་སྡེ་ཚོགས་ཀྱི་ཞུའུ་ཀྲིག་ལྗིད་རིགས་འཕྲུལ་ཆས་ཚད་ཡོད་ཀུང་ཟི་དང་ཧུའེ་ཨན་གྲོང་ཁྱེར་མ་ཐིག་གྲོང་རྡལ་གྱི་ཐེ་ཧྲན་སྡེ་བ་སོགས་ལ་ཕེབས་ཏེ་གཞི་རིམ་ལས་བྱེད་པ་དང་ལས་བཟོ་བ། མང་ཚོགས་བཅས་དང་མཉམ་དུ་བརྩེ་བའི་གླེང་མོལ་དང་བསམ་བློ་བརྗེ་རེས་བྱས་ཤིང་། རིམས་ནད་འགོག་སྲུང་དང་ཞོད་འགོག་གནོད་སེལ། ལས་ཐོན་སླར་གསོ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་དངོས་འབེབས་བྱས་ཚད་དང་དོན་དངོས་ཀྱི་གྲུབ་འབྲས་ཐོབ་པ་ག་འདྲ་ཡིན་ཚད། ད་དུང་དཀའ་ཁག་ཇི་འདྲ་ཡོད་ཚད་སོགས་ཞིབ་འདྲི་བྱས་པར་མ་ཟད་ཁོ་ཚོའི་བསམ་འཆར་དང་གྲོས་གཞི་ལ་ཉན། ཅང་སུའུ་ཞིང་ཆེན་དང་ཧུའོ་ཨན་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་སྐོར་ཞིབ་སྐོར་གཟིགས་གཞུང་སྒྲུབ་ཁང་སོགས་སུ་ཀྲའོ་ལི་ཅི་ཡིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པར་འཚམས་འདྲི་ཞུས་པར་མ་ཟད་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞི་གཅིག་ལ་སྐུལ་འདེད་བཏང་སྟེ་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཉན་པ། རུལ་སུངས་བྱེད་མི་འདོད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་རེ་བ་གལ་ཆེན་དངོས་འབེབས་ནན་མོ་བྱས་ཏེ། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ་དང་སྒྲིག་སྲོལ་དང་སྒྲིག་ལམ། བཅའ་ཁྲིམས་བཅས་ཀྱི་བྱ་བ་བསྒྲུབ་པ་རྒྱུན་འཁྱོངས་བྱས་ནས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོ་བར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།