ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལང་ཕུའུ་ཡི་འགྲན་ཞུགས་ཚོགས་པས་སླར་ཡང་མི་གསུམ་བླངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉི་ཤུ་ཉིན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་བསྟུད་མར་བདམས་པའི་འགྲན་འདེམས་ཚོགས་པས་མུ་མཐུད་མི་དོན་ལེགས་སྒྲིག་བྱས་པ་རེད། གསར་དུ་བསྐོ་གཞག་འདེམས་བསྐོ་བྱས་པའི་སྤྱི་གཉེར་བ་པིར·སི་ཐེ་ཕི་ཨེན་གྱིས་མི་གསུམ་པོ་དེའི་འོག་ཏུ་བསྡུས།

སི་ཐེ་ཕི་ཨེན་གྱིས་ཁྱབ་བསྒྲགས་བྱས་དོན། ཅ་སི་ཐིང·ཁེ་ལ་ཁེ་ཡིས་འདེམས་བསྐོ་འགྲན་བསྡུར་གྱི་སྤྱི་གཉེར་པ་གཞོན་པ་སྟེ་སི་ཐེ་ཕི་ཨེན་གྱི་གོ་གནས་འཕར་ནས་དེ་སྔའི་གོ་གནས་འཁུར་རྒྱུ་དང་། ཉི་ཁེ·ཐེ་ལེ་ནས“གཡུལ་སའི”འཐབ་ཇུས་སྤྱི་ཁྱབ་ལྟ་སྐུལ་བའི་འགན་འཁུར་རྒྱུ་རེད། མ་ཐེ·མོ་ཀེན་གྱིས་འདེམ་བསྐོའི་འགྲན་བསྡུར་གྱི་བློ་འདོན་པ་བྱེད་རྒྱུ་རེད་ཟེར།

ཉིན་ཁ་ཤས་ཀྱི་སྔོན། ཐི་ལང་ཕུའུ་ཡིས་ཕོ་བྲང་དཀར་པོའི་སྔོན་ཆད་ཀྱི་ཆབ་སྲིད་གཙོ་གཉེར་མི་སྣ་ཟུར་པ་སི་ཐེ་ཕི་ཨེན་དུས་ཡུན་རིང་བོར་ཐི་ལང་ཕུའུ་ཡི་འགྲན་འདེམས་ཚོགས་པའི་གཙོ་འགན་འཁུར་མཁན་པུ་ལ་ཏེ·ཕ་སི་ཁེའར་ཡི་ཚབ་ཏུ་བཞག་ནས། ཕྱི་མ་དེ་བདམས་ཐོན་ཚོགས་པའི་མཐོ་རིམ་བློ་འདྲི་བར་བསྒྱུར་པ་རེད།

ཨ་མེ་རི་ཁའི《ཆབ་སྲིད་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་ཙུང་ཐུང་འདེམས་བསྐོའི་ཉིན་མོའི་བར་དུས་ཡུན་ཉིན་བརྒྱ་ལྷག་ཙམ་ལས་མེད་ཀྱང་། ཐི་ལང་ཕའུ་ཡི་མཐོ་རིམ་ལས་རོགས་ཚོའི་འདེམས་བསྐོའི་འགྲན་བསྡུར་གྱི་མཐུན་སྦྱོར་ལས་དོན་ལ་དཀའ་ངལ་ཡང་ཡང་འཕྲད་ཡོད་ཅེས་འཁང་ར་བྱེད་ཀྱི་ཡོད་པར་མ་ཟད། འགྲན་ཞུགས་ཐབས་ཇུས་ལ་སྔར་ལས་དམིགས་སའི་རང་བཞིན་ཡོད་པའི་རེ་བ་བྱེད་ཀྱི་ཡོད།  འགྲན་ཞུགས་ཚོགས་པ་བཅོས་སྒྲིག་བྱེད་པའི་དམིགས་ཡུལ་ནི་སྡེ་ཁག་བཅུ་གསུམ་གྱི་འགྲན་ཞུགས་རྩ་འཛུགས་མ་ལག་གི་འགོ་ཁྲིད་གྲུབ་ཆ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།