ཀྲུང་གོ་བོད་ཀྱི་དྲ་བ།

​ཀྲུང་གོའི་ན་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་ཟླ7པའི་ཚེས23ཉིན་ནས་ཚེས24ཉིན་བར་འཚོགས་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1126261299_15952446880311n.jpg

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་གོའི་ན་ཆུང་གདོང་ལེན་རུ་ཁག་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་ཟླ7པའི་ཚེས23ཉིན་ནས་ཚེས24ཉིན་བར་འཚོགས་རྒྱུ་ཡིན་པ་དང་མིག་སྔར་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་བདེ་བླག་ངང་སྤེལ་བཞིན་ཡོད།

ཐེངས་འདིའི་ཚོགས་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ན་ཆུང་བྱིས་པ་དང་ན་ཆུང་གདོང་ལེན་རུ་ཁག་གི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རྒྱ་ཆེའི་ན་ཆུང་གདོང་ལེན་རུ་ཁག་གི་རུ་མིར་སྔར་ལས་མཐུན་སྒྲིལ་དང་སློབ་གསོ་ཁྲིད་སྟོན་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྒོ་ཀུན་ནས་གྲ་སྒྲིག་བྱ་དགོས་པ་དེ་རེད།

 དེ་སྔོན། ཀྲུང་གོའི་ན་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པར་ཞུགས་པའི་འཐུས་མི811ཚང་མ་བདམས་ཐོན་བྱུང་ལ། དེའི་ཁྲོད་ན་ཆུང་གདོང་ལེན་རུ་ཁག་གི་འཐུས་མི415དང་དར་མའི་འཐུས་མི396ཡོད། དེ་དག་མི་རིགས56དང་ས་ཁུལ་དང་གྲོང་ཁྱེར་རིམ་པའི་སྲིད་འཛིན་ཁུལ་ཚང་མར་ན་ཆུང་གདོང་ལེན་རུ་ཁག་གི་འཐུས་མིའི་འོས་མི་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཚོགས་ཆེན་འདི་ཉིད་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པ་བརྒྱུད་ནས་པེ་ཅིང་དུ་ཚོགས་ར་གཙོ་བོ་དང་ཞིང་ཆེན་ཁག་ཏུ་ཡན་ལག་ཚོགས་ར་འཛུགས་རྒྱུ་ཡིན་པ་རེད། ཚོགས་ཆེན་ཐོག་རྒྱལ་ཡོངས་ན་ཆུང་ལས་དོན་ཨུ་ཡོན་ལྷན་ཁང་སྐབས་བདུན་པའི་ལས་དོན་སྙན་ཞུ་གསན་རྒྱུ་དང་གྲོས་ཞིབ་གནང་རྒྱུ་མ་ཟད། རུ་ཁག་གི་སྒྲིག་ཡིག་ལ་བཟོ་བཅོས་བྱ་རྒྱུ་དང་སྐབས་བརྒྱད་པའི་རྒྱལ་ཡོངས་ཀྱི་ན་ཆུང་ལས་དོན་ཨུ་ལྷན་བདམས་ཐོན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།