ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས2020ལོའི་ལོ་སྟོད་དུ་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ13ལ་ཆད་པ་བཅད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2020ལོའི་ལོ་སྟོད་དུ། རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་ཐེངས་ཁྲི143.1བསྡུ་ལེན་བྱས་ཤིང་། གནད་དོན་གྱི་ཁུངས་སྣེ་ཁྲི80.7ཐག་གཅོད་བྱས་པ་དང་། གླེང་མོལ་དང་ཡིག་ཐོག་འདྲི་རྩད་ཐེངས་གྲངས་ཁྲི17.8བྱས་པ་དང་། གྱོད་དོན་ཁྲི28.6ཐོ་འགོད་བྱས་པ། མི་ཁྲི24(དེའི་ནང་མི་ཁྲི20.8ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་ཡོད། )སྒྲིག་ཁྲིམས་ཀྱི་ཆད་པ་བཅད། ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ13དང་ཐིང་དང་ཅུའུ་རིམ་པའི་ལས་བྱེད་པ1314དང་། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི0.9དང་། ཤང་དང་ཁའོ་རིམ་པའི་ལས་བྱེད་པ་ཁྲི3.3དང་། ལས་བྱེད་པ་དཀྱུས་མ་ཁྲི3.9དང་། གྲོང་གསེབ་དང་ཁེ་ལས་སོགས་ཀྱི་མི་སྣ་གཞན་དག་ཁྲི15.9ལ་སྒྲིག་་ཁྲིམས་ཀྱི་ཆད་པ་བཅད་པ་རེད།

2020ལོའི་ལོ་སྟོད་དུ་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“རྣམ་པ་བཞིའི”སྐྱོན་བརྗོད་སློབ་གསོ་སྤྱད་དེ་མི་ཐེངས་ཁྲི84.6ལ་རོགས་རམ་དང་ཐག་གཅོད་བྱས་ཡོད། དེའི་ཁྲོད་རྣམ་པ་དང་པོ་སྤྱད་དེ་མི་ཐེངས་ཁྲི59.8ལ་སྐྱོན་བརྗོད་སློབ་གསོ་དང་རོགས་རམ་བྱས་པ་དེ་སྤྱི་བསྡོམས་འབོར་གྱི70.7%ཟིན་པ་དང་། རྣམ་པ་གཉིས་པ་སྤྱད་དེ་མི་ཐེངས་ཁྲི19.2ཐག་གཅོད་བྱས་པ་དེས་22.8%ཟིན་པ་དང་། རྣམ་པ་གསུམ་པ་སྤྱད་དེ་མི་ཐེངས་ཁྲི2.7ཐག་གཅོད་བྱས་པ་དེས་3.2%ཟིན་པ་དང་། རྣམ་པ་བཞི་པ་སྤྱད་དེ་མི་ཐེངས་ཁྲི2.8ཐག་གཅོད་བྱས་པ་དེས3.3%ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།