ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་དུས་ཚིགས་གཉིས་པའིGDPདུས་མཚུངས་ལས་3.2%འཕར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས16ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་རྒྱལ་དམངས་དཔལ་འབྱོར་ཕྱོགས་བསྡུས་བསྡོམས་རྩིས་སིའི་སི་ཀྲང་ལིའུ་ཨའེ་ཧྭ་ཡིས2020ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་འཁོར་སྐྱོད་བྱས་ཚུལ་ངོ་སྤྲོད་གནང་བ་དང་གསར་འགོད་པའི་དྲི་བར་ལན་བཏབ།

    ཞིབ་རྩིས་བྱས་ན། ལོ་སྟོད་དུ་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར456614ཟིན་པ་དང་། བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་ན་དུས་མཚུངས་ལས1.6%ཆག་ཡོད།

微信图片_20200716162802.jpg

  • དུས་ཚིགས་ལྟར་དཔྱད་ན། དུས་ཚིགས་དང་པོར་དུས་མཚུངས་ལས6.8%ཆག་པ་དང་དུས་ཚིགས་གཉིས་པར3.2%འཕར་ཡོད།

  • ཐོན་ལས་ལྟར་དཔྱད་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར26053ཟིན་པ་དེ་དུས་མཚུངས་ལས0.9%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར172759ཟིན་པ་དང་1.9%ཆག་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར257802ཟིན་པ་དང1.6%ཆག་ཡོད།

  • ཟླ་སྔོན་མ་དང་བསྡུར་ན། དུས་ཚིགས་གཉིས་པའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར11.5%འཕར་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།