ཀྲུང་གོ་བོད་ཀྱི་དྲ་བ།

པེ་ཅིང་དུ་ཟླ7པའི་ཚེས15ཉིན་པྲོག་གསར་གློ་ཚད་ཀྱི་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་གཅིག་ཀྱང་བྱུང་མེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས་ཚེས16ཉིན་བརྡ་ཁྱབ་བཏང་བ་ལྟར་ན། ཟླ7པའི་ཚེས15ཉིན་གྱི་ཆུ་ཚོད0པ་ནས24བར་པེ་ཅིན་གྲོང་ཁྱེར་དུ་ས་གནས་དེ་གའི་པྲོག་གསར་གློ་ནད་ཀྱི་ནད་རྟགས་གཏན་ཁེལ་བྱས་པའི་ནད་པ་དང་། དོག་ཡོད་ནད་པ། ནད་རྟགས་མེད་པའི་ནད་པ་བཅས་གཅིག་ཀྱང་བྱུང་མེད་ལ། སྨན་ཁང་ནས་ཕྱིར་བུད་པའི་ནད་པ23ཡོད་པ་དང་།  ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་དང་། དོག་ཡོད་ནད་པ། ནད་རྟགས་མེད་པའི་ནད་པ་བཅས་གཅིག་ཀྱང་བྱུང་མེད།

 ཟླ6པའི་ཚེས11ཉིན་གྱི་ཆུ་ཚོད0ནས་ཟླ7པའི་ཚེས15ཉིན་གྱི་ཆུ་ཚོད24བར་པེ་ཅིང་གྲོང་ཁྱེར་རུ་རིམ་རྩིས་བྱས་ན་ས་གནས་དེ་གའི་པྲོག་གསར་གློ་ཚད་གཏན་འཁེལ་བྱས་པའི་ནད་དཔེ335དང་སྨན་ཁང་དུ་ཡོད་པའི་ནད་པ168དང་། སྨན་ཁང་ནས་ཕྱིར་བུད་པའི་ནད་པ167བཅས་ཡོད་པ་དང་། ད་དུང་ལྟ་ཞིབ་བྱེད་བཞིན་པའི་ནད་རྟགས་མེད་པའི་ནད་པ17ཡོད།

  ཟླ7པའི་ཚེས14ཉིན་གྱི་ཆུ་ཚོད0ནས24བར་པེ་ཅིང་གྲོང་ཁྱེར་ཏ་ཤིན་ཆུས་ཆིང་ཡུན་ཏན་གྲོང་རྡལ་དང་ཤིས་ཧུང་མིན(ས་ཁུལ)གྲོང་རྡལ། ཤིན་ཧྥུང་ཁྲོམ་གཞུང་བཅས་ཉེན་ཁ་འབྲིང་བའི་ས་ཁུལ་ནས་ཉེན་ཁ་ཆུང་བའི་ས་ཁུལ་དུ་ལེགས་སྒྲིག་བྱས་པ་རེད། ཟླ7པའི་ཚེས14ཉིན་གྱི་ཆུ་ཚོད24བར། པེ་ཅིང་གྲོང་ཁྱེར་དུ་ཁྱོན་བསྡོམས་ཉེན་ཁ་ཆེ་བའི་ས་ཁུལ4ཡོད་པ་དེ་དག་ཧྥེང་ཐའེ་ཆུས་ཧྭ་ཤང(ས་ཁུལ)ཤང་དང་། ལུའུ་ཀོའུ་ཟམ་པའི་ཁྲོམ་གཞུང་། མ་ཅ་པའོ་ཁྲོམ་གཞུང་། ཤིན་ཚུན་ཁྲོམ་གཞུང་བཅས་ཡིན་པ་དང་། ཉེན་ཁ་ཆེ་བའི་ས་ཁུལ་གཅིག་ཀྱང་མེད་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།