ཀྲུང་གོ་བོད་ཀྱི་དྲ་བ།

ཀྲེ་ཅང་གིས2022ལོར་སླེབས་སྐབས་ཤང་དང་གྲོང་རྡལ་ཡན་དུ5Gབརྡ་རྟགས་ཁྱོན་ཡོངས་ལ་ཁྱབ་རྩིས་ཡོད།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་། ཀྲེ་ཅང་ཞིང་ཆེན་སྲིད་གཞུང་གིས《ཀྲེ་ཅང་ཞིང་ཆེན་གྱི་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་གྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི》བཀྲམ་ནས་ལག་བསྟར་བྱས་ཏེ2022ལོར་སླེབས་སྐབས་ཀྲེ་ཅང་གིས5Gསྦྲེལ་ཚུགས་ཁྲི12ཡན་དང་སྤྲིན་ཚོམ་གཞི་གྲངས་ལྟེ་གནས་ཆེ་གྲས25ཙམ་བསྐྲུན་ཏེ་ཤང་དང་གྲོང་རྡལ་ཡན་དུ5Gབརྡ་རྟགས་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ་ཡིན་པ་རེད།

འཆར་གཞི་ལྟར་ན། ཀྲེ་ཅང་གིས་སྤུས་ཚད་མཐོ་བའི5Gདྲ་རྒྱ་བསྐྲུན་ཏེ2022ལོར་སླེབས་སྐབས་ཤང་དང་གྲོང་རྡལ་ཡན་དུ5Gབརྡ་རྟགས་ཕྱོགས་ཡོངས་ལ་ཁྱབ་པ་བྱ་རྒྱུ་རེད།

འདི་ལོའི་ཟླ6པའི་ཟླ་མཇུག་བར། ཀྲེ་ཅང་ཞིང་ཆེན་གྱིས5Gསྦྲེལ་ཚུགས་ཁྲི5.1བསྐྲུན་ཟིན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།