ཀྲུང་གོ་བོད་ཀྱི་དྲ་བ།

པེ་ཅིན་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློགའཕྲིན་ལྟར། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་རྩའི་དུས་སུ་པེ་ཅིན་གྲོང་ཁྱེར་གྱིས“པེ་ཅིང་གི་དོན་ཚན་བརྒྱད”ཅེས་པའི་ཆེད་དོན་སྲིད་ཇུས་བཏོན་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི“བྱ་ཐབས་སྡེབ་སྒྲིག་མ”སྤྱད་པ་རེད།

བྱ་གཞག་ཚན་པའི་གདན་ཞུའི་ལས་གནས་ཀྱི་བཅུ་ཆ་བརྒྱད་སློབ་ཐོན་སློབ་མར་ཕྱོགས་པ་དང་། གཞན་ཡང་དངུལ་ཁ་གསབ་བྱས་ནས་ཁེ་ལས་ཀྱི་མ་གནས་དམའ་རུ་བཏང་ཡོད། པེ་ཅིན་གྲོང་ཁྱེར་མི་སྤྱི་ཅུས་ཀྱི་ཅུས་ཀྲང་ཞུས་ཤིས་ངོ་སྤྲོད་བྱས་པར། པེ་ཅིན་གྱིས་ཁ་གསབ་སྤྲད་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་སྟེ། གཅིག་ནི་གྲོང་ཁྱེར་དེ་གའི་ལོ་འཁོར་ནང་གི་མཐོ་སློབ་སློབ་ཐོན་སློབ་མ་བསྡུ་མཁན་ཁེ་ལས་ལ་མི་རེར་ཟླ་རེར་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་ཚད་གཞི་དམའ་ཤོས་གཞིར་བཟུང་ཁ་གསབ་སྒོར1162སྤྲད་པ་དང་། གཉིས་ནི་འདི་ལོ་གྲོང་ཁྱེར་དེ་གའི་མཐོ་སློབ་སློབ་ཐོན་སློབ་མ་བསྡུ་མཁན་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ལ་ཟླ་དྲུག་གི་ལས་ཐོག་ཚབ་སྦྱོང་གི་ཁ་གསབ་སྟེ་མི་རེར་ཟླ་རེར་སྒོར1760སྤྲད་པ་རེད།

“ལས་ཞུགས་མེད་པའི་ཁྱིམ་ཚང་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་། གཟིགས་སྐྱོང་བྱ་ཡུལ་ཁྱིམ་ཚང་། ཡོང་འབབ་དམའ་བའི་ཞིང་དུད། དབང་པོ་སྐྱོན་ཅན་སློབ་ཐོན་སློབ་མ། དམིགས་བསལ་དཀའ་ངལ་ཡོད་པའི་ཁྲོད་ཀྱི་སློབ་ཐོན་སློབ་མ”བཅས་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་ཐོན་སློབ་མ་ཁྱུ་ཚོགས་རིགས་དྲུག་ལ་དམིགས་ཤིང་། མིག་སྔར་མི་གྲངས1637གཏན་འཁེལ་བྱས་པ་དང་། དུས་བཀག་གོང་མར་མི་གྲངས951ལས་ཞུགས་བྱེད་རོགས་བྱས་ཡོད།

སྟབས་བསྟུན་ལས་ཞུགས་ལ་རྒྱབ་སྐྱོར་བྱས་ནས་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་བསལ་ཞིང་། “པེ་ཅིན་གྱི་དོན་ཚན་བརྒྱད”ཀྱི་བཀྲག་མདངས་འཚེར་ཤོས་ནི་སྟབས་བསྟུན་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པ་དེ་རེད། སྔོན་དཔག་བྱས་ན། འདི་ལོའི་ཟླ9པ་ནས་བཟུང་པེ་ཅིན་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ཐོག་མའི་ལས་ཞུགས་ནི་སྟབས་བསྟུན་ལས་ཞུགས་ཡིན་ཚེ། “པེ་ཅིན་མི་སྤྱིའི”གཞུང་ཕྱོགས་ཀྱི་སྐད་འཕྲིན་སྤྱི་རྟགས་བརྒྱུད་སྟབས་བསྟུན་ལས་ཞུགས་ཀྱི་སྤྱི་ཚོགས་འགན་བཅོལ་ཁ་གསབ་རེ་ཞུ་བྱེད་ཆོག ལོ་འཁོར་གྱི་ཁ་གསབ་ཚད་གཞི་ནི་སྒོར11160ཡིན་པ་དང་དུས་ཚོད་རིང་ཤོས་ལོ་གསུམ་ལས་བརྒལ་ཆོག་གི་མེད་པ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།