ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་བདེ་ལས་ཁུངས་དང་སློབ་གསོ་སྡེ་ཚན་གྱིས“ཡིག་རྒྱུགས་དང་འབྲེལ་བའི”ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་བཏང་ནས་མཐོ་རྒྱུགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས5ཉིན་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། མཐོ་རྒྱུགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་ཆེད། 2020ལོ་ནས་བཟུང་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་སློབ་གསོ་སྡེ་ཚན་དང་མཉམ་དུ་དྲ་སྦྲེལ་དང་སྐུད་མེད་ཀྱི་ཡིག་རྒྱུགས་རྫུན་བཟོའི་ཡོ་ཆས་སྤྱད་པའི“ཡིག་རྒྱུགས་དང་འབྲེལ་བའི”ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ནས“ཡིག་རྒྱུགས་དང་འབྲེལ་བའི”ཉེས་གསོག་བྱེད་སྤྱོད་ལ་མུ་མཐུད་མྱུལ་ཞིབ་རྡུང་རྡེག་བཏང་བས་ཉེས་དོན་གྱོད་གཞི30ལྷག་ཙམ་རྩད་ཆོད་པ་དང་ཉེས་གསོག་དོགས་ཅན200ལྷག་ཙམ་བཟུང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་མཐོ་རྒྱུགས་གོང་དུ་ས་ཁུལ་ཁག་གི་སྤྱི་བདེ་ལས་ཁུངས་ཀྱི་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་ཡིག་རྒྱུགས་ཀྱི་རྫུན་བཟོའི་སྒྲིག་འཛུགས་གྱོད་གཞི་མང་པོ་ཞིག་བསྟུད་མར་རྩད་ཆོད་པ་དང་གྱོད་འབྲེལ་ཉེས་གསོག་ཚོགས་པས་དྲ་སྦྲེལ་ཐོག་ནས་ཡིག་རྒྱུགས་ཀྱི་རྫུན་བཟོ་བྱེད་མཁན་འགུག་ཐབས་བྱས་ནས་དངུལ་མང་པོ་བླངས་ཏེ་རྒྱུགས་སྤྲོད་སློབ་མར་ཁྲིམས་འགལ་ངང་ཡིག་རྒྱུགས་རྫུན་བཟོའི“ཞབས་ཞུ”མཁོ་འདོན་བྱེད་ཀྱི་ཡོད། གཞན་ཡང་དྲ་ཐོག་ཏུ་མཐོ་རྒྱུགས་དང་འབྲེལ་བའི་ཆ་འཕྲིན་རྫུས་མ་ཐོན་ནས་རྒྱུགས་སྤྲོད་སློབ་མའི་བསྐྱར་སྦྱོང་ལ་ནོར་འཁྲུལ་གྱི་སྣེ་ཁྲིད་བྱེད་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་སྤྱི་བདེ་ལས་ཁུངས་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་མཐོ་རྒྱུགས་ཀྱི་དཀྲོག་གཏམ་བཟོ་མཁན་དྲ་རྒྱའི་རང་སྨྱན་སྦྱོར་ཁག་གཅིག་གི་ཨང་ཐོ་རྩད་ཆོད་ཐུབ་ནས་ཡིག་རྒྱུགས་ཀྱི་སྒྲིག་ལམ་ཟང་ཟིང་ཚབས་ཆེན་བཟོས་པའི་དཀྲོག་གཏམ་ཁྱབ་བསྒྲགས་བྱེད་མཁན་ལ་ཁྲིམས་ལྟར་ཆད་གཅོད་ནན་པོ་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།