ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་དང་པོ་ཟླ12པར་ཀོང་ཏུང་དུ་གཉེར་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2020ལོ་ནས་བཟུང་རང་རྒྱལ་གྱིས་ལོ་གཉིས་རེར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་རེ་གཉེར་རྒྱུ་ཡིན་པ་རེད། ཉེ་ཆར་མི་སྤྱི་པུས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་དང་པོ་གཉེར་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད།

《བརྡ་ཐོའི》ནང་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་དང་པོ་དེ་མི་སྤྱི་པུས་གཙོ་གཉེར་བྱེད་པ་དང་། ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཉེར་འགན་འཁུར་བ། ཀོང་ཏུང་ཞིང་ཆེན་མི་སྤྱི་ཐིང་དང་ཀོང་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཉེར་རོགས་བྱ་རྒྱུ་ཡིན་པ་བཅས་རེད། སྐབས་འདིའི་འགྲན་བསྡུར་ཆེ་མོའི་ཐོག་ཁྱོན་འགྲན་བསྡུར་རྣམ་གྲངས86བཟོས་ཡོད། 《བརྡ་ཐོའི》ནང་ཁ་གསལ་བཏོན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་དང་པོའི་རྒྱལ་ཡོངས་ཀྱི་མཐའ་བསྡུར2020ལོའི་ཟླ12པར་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་གཉེར་རྒྱུའི་གཏན་འཁེལ་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།