ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མཱ་མའོ་ལ་གློག་འཕྲིན་བཏང་སྟེ་ཁོས་ཅི་ལི་པ་སིའི་ཙུང་ཐུང་གི་འགན་བསྟུད་མར་འཁུར་བར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཱ་མའོ་ལ་གློག་འཕྲིན་བཏང་སྟེ་ཁོས་ཅི་ལི་པ་སིའི་ཙུང་ཐུང་གི་འགན་བསྟུད་མར་འཁུར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་ཅི་ལི་པ་སི་རྒྱལ་ཁབ་གཉིས་ཀྱིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་དགུ་བར་འབྲེལ་བ་སླར་གསོ་བྱས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་ཞིང་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཐད་ནས་གྲུབ་འབྲས་ཆེན་པོ་ཐོབ། ད་ལོའི་ཟླ་དང་པོར་ཙུང་ཐུང་མཱ་མའོ་ཡིས་ཀྲུང་གོར་འཚམས་འདྲི་བྱས་པར་མ་ཟད་ང་ཚོས་ཕན་འབྲས་ལྡན་པའི་ཐུག་འཕྲད་བྱས། པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་སྐབས། ཀྲུང་གོ་དང་ཅི་ལི་པ་སི་རྒྱལ་ཁབ་གཉིས་ཀྱིས་དཀའ་ངལ་མཉམ་སེལ་དང་ཕན་ཚུན་ལ་རོགས་རེས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་དུ་མཛའ་བཤེས་ཟབ་པ་ཡང་བསྐྱར་མངོན་པར་བྱས། བདག་གིས་ཀྲུང་གོ་དང་ཅི་ལི་པ་སིའི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་ཙུང་ཐུང་མཱ་མའོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཅི་ལི་པ་སིའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།