ཀྲུང་གོ་བོད་ཀྱི་དྲ་བ།

ལྔ་པའི་ཚེས་ལྔའི་ངལ་གསོའི་རིང་རྒྱལ་ཡོངས་ཀྱིས་ཁྱོན་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི4880.9ལ་སྣེ་ལེན་ཞུས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་27ཉིན། རིག་གནས་དང་ཡུལ་སྐོར་པུས་ཁྱབ་བསྒྲགས་བྱས་པའི2020ལོའི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་རིག་གནས་དང་ཡུལ་སྐོར་ངལ་གསོའི་ཁྲོམ་རའི་ཆ་འཕྲིན་ལས་མངོན་པར། ལྔ་པའི་ཚེས་ལྔའི་ངལ་གསོའི་རིང་། རྒྱལ་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རའི་སྤྱིའི་འཁོར་རྒྱུག་བརྟན་ལ་གོ་རིམ་ལྡན་པ་དང་། རིམ་རྩིས་བྱས་ན། རྒྱལ་ནང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི4880.9ལ་སྣེ་ལེན་ཞུས་པ་དང་རྒྱལ་ནང་དུ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་122.8བྱུང་བ་མ་ཟད། བདེ་འཇགས་ཀྱི་ལས་འཛོལ་དང་ཞུ་གཏུག་གི་གྱོད་གཞི་གང་ཡང་ཐོན་མེད་པ་རེད།

2020ལོའི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ངལ་གསོའི་ཉིན་གསུམ་རིང་། རྒྱལ་ཡོངས་ཀྱིས་ཁྱོན་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི4880.9ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར122.8བྱུང་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།