ཀྲུང་གོ་བོད་ཀྱི་དྲ་བ།

ལྔ་བའི་ཚེས་ལྔའི་དུས་ཆེན་རིང་རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་འགྲུལ་བ་སྐྱེལ་འདྲེན་བྱེད་ཚད་དཔྱིད་གསར་དུས་ཆེན་རྗེས་ཀྱི་ཉིན་རེའི་འགྲུལ་པ་སྐྱེལ་འདྲེན་བྱེད་མང་ཤོས་ཀྱི་ཟིན་ཐོ་བཏོད་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་6ཚེས་25ཉིན་ལྔ་པའི་ཚེས་ལྔའི་ངལ་གསོའི་ཉིན་དང་པོར། རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་འགྲུལ་པ་མི་ཐེངས་ཁྲི་753སྐྱེལ་འདྲེན་བྱས་པ་དེ་དཔྱིད་གསར་དུས་ཆེན་རྗེས་ཀྱི་ཉིན་རེའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མང་ཤོས་ཡིན་པ་རེད།

ཟླ་6ཚེས་26ཉིན་རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་522སྐྱེལ་འདྲེན་བྱེད་པ་དང་འགྲུལ་པ་སྐྱེལ་འདྲེན་བྱེད་པའི་མེ་འཁོར་གཏོང་ཐེངས་262ཁ་སྣོན་བྱ་རྒྱུ་རེད། ས་གནས་ཁག་གི་ལྕགས་ལམ་སྡེ་ཚན་གྱིས“ཉིན་རེར་འཆར་འགོད་རེ”ལག་བསྟར་བྱས་ཏེ། གནས་ཚུལ་ལ་གཞིགས་ནས་སྐྱེལ་འདྲེན་བྱེད་ཤུགས་ལེགས་སྒྲིག་བྱེད་པ་དང་སྐྱེལ་འདྲེན་ཞབས་ཞུའི་སྤུས་ཚད་སྔར་བས་ལེགས་སུ་བཏང་ནས་འགྲུལ་པ་ཕར་འགྲོ་ཚུར་འོང་བྱེད་པར་སྟབས་བདེ་བསྐྲུན་ཡོད།

ལྕགས་ལམ་སྡེ་ཚན་གྱིས་རྒྱ་ཆེའི་འགྲུལ་པ་ཚོར་དྲན་སྐུལ་ཞུ་རྒྱུར། ངལ་གསོའི་རིང་མེ་འཁོར་གཏོང་བའི་ཞིབ་ཕྲའི་ཆ་འཕྲིན་ལྕགས་ལམ་12306དྲ་ཚུགས(ལག་ཐོགས་ཁ་པར་གྱི་དུད་སྣེ)ཐོག་འཚོལ་ཆོག

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།