ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཕྱིར་གཏོང་ཐོན་རྫས་ནང་འཚོང་དུ་བསྒྱུར་བར་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར་པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཉེ་སྔོན་ཕྱིར་གཏོང་ཐོན་རྫས་ནང་འཚོང་དུ་བསྒྱུར་བར་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར་པར་སྐྲུན་འགྲེམ་སྤེལ་བྱས་ཏེ། ཁེ་ལས་ཀྱིས་རྒྱལ་སྤྱིའི་ཚོང་ར་རྒྱ་བསྐྱེད་པར་སྐུལ་མ་གཏོང་བའི་ཞོར་དུ། ཕྱིར་འཚོང་ཐབས་ལམ་འོས་འཚམ་ཡིན་པའི་ཕྱིར་གཏོང་ཐོན་རྫས་ཀྱི་རྒྱལ་ནང་གི་ཚོང་ར་གསར་འབྱེད་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་དག་དཀའ་ཁག་ལས་སྒྲོལ་བར་རོགས་རམ་བྱས་ནས་ཕྱི་ཕྱོགས་ཉོ་ཚོང་གི་གཞི་རྩའི་གཏན་འཇགས་ལ་སྐུལ་འདེད་བཏང་། 

བསམ་འཆར་ལས་བསྟན་དོན། གཅིག་ནས་ཕྱིར་གཏོང་ཐོན་རྫས་དག་རྒྱལ་ནང་གི་ཚོང་རར་ཞུགས་པར་རྒྱབ་སྐྱོར་བྱེད་དགོས། ནང་འཚོང་དུ་བསྒྱུར་བའི་ཚོང་རའི་ཞུགས་ཚད་དང་ནང་འཚོང་དུ་བསྒྱུར་བའི་ཐོན་རྫས་ཀྱི་ངོས་ལེན་ལས་རིམ་སྟབས་བདེ་རུ་གཏོང་བ་དང་། ཁེ་ལས་ཀྱི་ཁྲལ་སྒྲུབ་འགྲོ་ལུགས་ཇེ་བདེ་རུ་བཏང་སྟེ། ཁྱབ་ཁོངས་དེ་སྤྱིར་བཏང་གི་འཛད་སྤྱོད་ཐོན་རྫས་དང་བཟོ་ལས་ཐོན་རྫས་ཀྱི་ཁྱབ་ཁོངས་སུ་རྒྱ་བསྐྱེད་དགོས། གཉིས་ནས་ཐབས་ལམ་མང་བོས་ནང་འཚོང་དུ་བསྒྱུར་བར་རྒྱབ་སྐྱོར་བྱེད་དགོས། ནང་འཚོང་དུ་བསྒྱུར་བའི་སྟེགས་བུ་བཙུགས་ནས་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱིས་གློག་རྡུལ་ཚོང་ལས་སྟེགས་བུར་སྦྲེལ་མཐུད་བྱེད་པར་སྐུལ་མ་གཏོང་བ་དང་། སྲང་ལམ་དུ་ཕྱིར་གཏོང་ཐོན་རྫས་ནང་འཚོང་དུ་བསྒྱུར་བའི་ཆེད་དོན་བྱ་འགུལ་སྤེལ་བར་སྣེ་ཁྲིད་བྱས་ཏེ། ཚོང་ལས་ཁེ་ལས་ཆེ་གྲས་ཀྱིས་ཐད་ཀར་ཕྱིར་འཚོང་བྱེད་པར་རྩ་འཛུགས་བྱེད་དགོས། ཕན་ནུས་ལྡན་པའི་དངུལ་གཏོང་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། ས་ཁུལ་སོ་སོའི་རྣམ་པ་གསར་བའི་རྨང་གཞིའི་སྒྲིག་ཆས་དང་རྣམ་པ་གསར་བའི་མཁར་གྲོང་ཅན། བཟོ་སྐྲུན་འཛུགས་སྐྲུན་གལ་ཆེན་གྱི་དགོས་མཁོ་བཅས་ལ་ཟུང་འབྲེལ་བྱས་ནས། ཆ་རྐྱེན་དང་འཚམ་པའི་ཕྱིར་གཏོང་ཐོན་རྫས་སྐོར་ཞིག་ནང་འཚོང་དུ་བསྒྱུར་བར་རྩ་འཛུགས་བྱེད་དགོས། གསུམ་ནི་ཡིད་རྟོན་དངུལ་བུན་ཉེན་ཚབ་དང་མ་དངུལ་གྱི་རྒྱབ་སྐྱོར་ལ་ཤུགས་སྣོན་དགོས་པ་དང་། ནང་འཚོང་དུ་བསྒྱུར་བའི་སྟབས་བདེ་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། རིགས་སྣ་ཚོགས་ཀྱི་དངུལ་ལོར་ལས་ཁུངས་ཀྱིས་དངུལ་ལོར་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་དང་། གློག་རྡུལ་ཚོང་ལས་སྟེགས་བུར་བརྟེན་ནས་ཁེ་ལས་ཆུང་འབྲིང་གི་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི་དངུལ་བསྐྱིས་བྱེད་སྒོར་ཤུགས་སྣོན་བྱེད་པའི་སྐུལ་མ་གཏོང་དགོས་ལ། ཉེན་ཚབ་ཀུང་ཟི་ཡིས་སྣ་མང་ཅན་གྱི་ཉེན་ཚབ་ཞབས་ཞུ་འདོན་སྤྲོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།