ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དམག་དཔུང་གི་འགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་འགན་འཁྲི་རྩིས་བཤེར་གཏན་འཁེལ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། ཉེ་ལམ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དམག་དཔུང་གི་འགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་འགན་འཁྲི་རྩིས་བཤེར་གཏན་འཁེལ་འགྲེམ་སྤེལ་བྱས་པ་དང་ཉིས་སྟོང་ཉི་ཤུ་ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།

གཏན་འཁེལ་ལས་ཞི་ཅིན་ཕིང་གི་སྟོབས་ལྡན་དམག་དཔུང་གི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་ལས་བྱེད་པའི་དོ་དམ་ལྟ་རྟོག་བྱ་བ་བཟང་བོར་བསྒྲུབ་པ་དང་རྩིས་བཤེར་བྱ་བར་ཤུགས་སྣོན་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་ལག་བསྟར་དངོས་འབེབས་བྱས་ཏེ། གཙོ་བོ་བྱ་བའི་མཛུབ་ཁྲིད་དང་ཁྱབ་ཁོངས་ཀྱི་ནང་དོན། རྣམ་པ་དང་སྒྲུབ་སྟངས། མཇུག་འབྲས་བཀོལ་སྤྱོད་སོགས་ཀྱི་ཕྱོགས་ནས་དཔལ་འབྱོར་འགན་འཁྲིའི་རྩིས་བཤེར་བྱ་བར་གཅིག་གྱུར་སྒོས་འཆར་འགོད་དང་ཇུས་འགོད་བྱེད་པ་དང་། ད་ལྟའི་དཔལ་འབྱོར་འགན་འཁྲིའི་རྩིས་བཤེར་ལམ་ལུགས་བསྐྱར་འཛུགས་བྱེད་པ། ཁྱོན་ཡོངས་ནས་དམག་དཔུང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་ནས། དབང་ཆའི་འཁོར་སྐྱོད་ཚོད་འཛིན་དང་ལྟ་རྟོག་མ་ལག་ཆ་ཚང་དུ་གཏོང་བ་དང་། འགོ་ཁྲིད་ལས་བྱེད་པ་རྣམས་ཀྱིས་ཏང་ལ་བློ་དཀར་ཞིང་སྤྱོད་གཙང་ཡིན་པ་དང་ཁག་ཁུར་བྱེད་ཐུབ་པར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།