ཀྲུང་གོ་བོད་ཀྱི་དྲ་བ།

ཟླ5པར་རྒྱལ་ཡོངས་ཀྱིས་ཕྱི་དངུལ་དངོས་སུ་སྤྱོད་ཚད་ན་ནིང་གི་དུས་མཚུངས་ལས7.5%འཕར་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོང་དོན་པུས་ཚེས་18ཉིན་འཚོགས་པའི་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥུང་གིས་ངོ་སྤྲོད་བྱས་པར། ཟླ་5པར་རྒྱལ་ཡོངས་ཀྱིས་ཕྱི་དངུལ་དངོས་སུ་སྤྱོད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་686.3ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་7.5%འཕར་བ་དང་། འདི་ལོའི་ཟླ་དང་པོ་ནས་ལྔ་པ་བར་རྒྱལ་ཡོངས་ཀྱིས་ཕྱི་དངུལ་དངོས་སུ་སྤྱོད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་3551.8ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་3.8%ཆག་པ་དང་དུས་ཚིགས་དང་པོའི་ཆག་ཚད་ལས་བརྒྱ་ཆའི་གྲངས་7ཆག་པ། ཟླ་དང་པོ་ནས་ལྔ་པ་བར་རང་རྒྱལ་གྱི་ལག་རྩལ་མཐོ་བའི་ཐོན་ལས་ཀྱིས་ཕྱི་དངུལ་དངོས་སུ་བེད་སྤྱོད་བཏང་བ་དེ་ན་ནིང་གི་དུས་མཚུངས་ལས་2%འཕར་ཞིང་། དེའི་ནང་ཆ་འཕྲིན་ཞབས་ཞུ་དང་། དྲ་ཐོག་ཚོང་དོན་ཞབས་ཞུ། ཞིབ་འཇུག་གསར་སྤེལ་དང་ཇུས་འགོད་ཞབས་ཞུ་བཅས་ཀྱི་སྤྱོད་ཚད་ལོ་གོང་མའི་དུས་མཚུངས་ལས་42.3%དང་། 67.9% 49.8%བཅས་འཕར་བ་དང་། དངོས་ཚན་དང་ས་ཁོངས་གཙོ་བོའི་ཁྲོད“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་ཀྱིས་ཕྱི་དངུལ་དངོས་སུ་གཏོང་གྲངས་ན་ནིང་གི་དུས་མཚུངས་ལས་6%འཕར་བ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཕྱི་དངུལ་དངོས་སུ་གཏོང་གྲངས་ན་ནིང་གི་དུས་མཚུངས་ལས་10.1%འཕར་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།