ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་པེའི་ཞིང་ཆེན་རིམ་པའི་སྤྱི་པའི་རིག་གནས་ཁང་སླར་ཡང་སྒོ་ཕྱེ་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2020-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཧུའུ་པེ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། ཟླ6པའི་ཚེས14ཉིན་ནས་བཟུང་། ཧུའུ་པེ་ཞིང་ཆེན་གྱི་རྟེན་རྫས་བཤམས་མཛོད་ཁང་དང་། ཞིང་ཆེན་དཔེ་མཛོད་ཁང་། ལྕགས་ཕག་ལོའི་གསར་བརྗེའི་ཝུའུ་ཁྲང་འོས་ལངས་དྲན་གསོ་ཁང་། ཧུའུ་པེ་མཛེས་རྩལ་ཁང་། ཞིང་ཆེན་མང་ཚོགས་སྒྱུ་རྩལ་ཁང་སོགས་ཞིང་ཆེན་རིམ་པའི་སྤྱི་པའི་རིག་གནས་ཁང་ལྔ་སླར་ཡང་སྒོ་ཕྱེ་བ་དང་། སྤྱི་དམངས་ཚོས་སྔོན་མངགས་བྱ་ཐབས་བརྒྱུད་གོ་རིམ་ལྡན་པའི་ངང་ལྟ་སྐོར་བྱས་ཆོག་གི་ཡོད།

ཟླ6པའི་ཚེས13ཉིན་གྱི་མཚན་མོའི་ཆུ་ཚོད་ཉེར་བཞི་ནས་བཟུང་ཧུའུ་པེ་ཞིང་ཆེན་གྱི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྡོམ་བརྡ་ལན་རིམ་པ་གཉིས་པ་ནས་རིམ་པ་གསུམ་པར་ལེགས་སྒྲིག་བྱས་པ་དེ་ཐོག་ནས་ཧུའུ་པེ་འདི་ཉིད་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་གྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད། ཞིང་ཆེན་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཧུའུ་པེ་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐིང་གིས་དཔེ་མཛོད་ཁང་དང་། རྟེན་རྫས་བཤམས་མཛོད་ཁང་། མཛེས་རྩལ་ཁང་། རིག་གནས་ཁང་སོགས་སྤྱི་པའི་རིག་གནས་ཁང་བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་སྒོ་དབྱེ་རྒྱུར་སྐུལ་འདེད་བཏང་ཡོད། དེ་གོང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་འབྲེལ་གཏུག་ཚོགས་ཆུང་གི“135”ཡི་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བླང་བྱ་དང་རིག་གནས་དང་ཡུལ་སྐོར་པུའི་སྤྱི་པའི་རིག་གནས་ཁང་སླར་ཡང་སྒོ་དབྱེ་རྒྱུའི་མཛུབ་ཁྲིད་བསམ་འཆར་དོན་འཁྱོལ་ནན་ཏན་བྱས་ཏེ། རིཌ་དབྱེ་ཞིབ་ཚགས་ཀྱི་སྒོ་ནས་ཧུའུ་པེ་ཞིང་ཆེན་གྱི་སླར་ཡང་སྒོ་དབྱེ་བའི་ལས་ཀའི་ཕྱོགས་སྟོན་བཟོས་ཏེ་སླར་གསོ་སྒོ་དབྱེའི་ལས་དོན་ཚད་ལྡན་ཡོང་བར་མཛུབ་ཁྲིད་བྱས་ཡོད། དེ་དང་དུས་མཚུངས་སླར་ཡང་སྒོ་མ་དབྱེ་གོང་གི“དཔྱད་དཔོག་རེའུ་མིག”དང་། རྒྱུན་རྣམ་ཅན་གྱི“ཞིབ་བཤེར་རེའུ་མིག”དོན་འཁྱོལ་ནན་ཏན་བྱས་པ་དང་། སྤྱི་པའི་རིག་གནས་ཁང་གིས་ཚན་པའི་རང་བཤེར་དང་། ཁོངས་གཏོགས་ཁུལ་གྱི་སྐོར་བཤེར། རིམ་པ་གོང་མའི་འཐེན་བཤེར་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི“ཕྱོགས་བཞིའི”འགན་འཁྲི་ནན་དུ་བཏང་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།