ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཀྱི་བྱ་བར་གཟིགས་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20200611102314kJAv.jpg

   ཟླ་དྲུག་པའི་ཚེས་བརྒྱད་ཉིན་ནས་ཚེས་བཅུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཀྱི་བྱ་བར་གཟིགས་ཞིབ་མཛད། 

20200611102442noom.jpg

   ཟླ་དྲུག་པའི་ཚེས་བརྒྱད་ཉིན་ནས་ཚེས་བཅུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཀྱི་བྱ་བར་གཟིགས་ཞིབ་མཛད། 

20200611102520Twn.jpg

   ཟླ་དྲུག་པའི་ཚེས་བརྒྱད་ཉིན་ནས་ཚེས་བཅུ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཀྱི་བྱ་བར་གཟིགས་ཞིབ་མཛད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཀྱི་བྱ་བར་གཟིགས་ཞིབ་མཛད་སྐབས་བསྟན་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་དགོས་ལ། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་བྱ་བའི་བཀོད་སྒྲིག་དངོས་འབེབས་བྱེད་པ་དང་། རྦད་ཆོད་སྒོས་མཁྲེགས་གཏོར་འཐབ་ཇུས་ཆེན་པོ་གསུམ་གྱི་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་དགོས། ཏན་ཏན་ཏིག་ཏིག་སྒོས་བརྟན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ་དང་། འགན་སྲུང་དྲུག་གི་ལས་འགན་ཁྱོན་ཡོངས་ནས་དངོས་འབེབས་བྱས་ནས། ཧུར་ཐག་སྒོས་པྲོག་གསར་གློ་ཚད་རིམས་ནད་ཀྱིས་བཟོས་པའི་མི་ལེགས་པའི་ཤུགས་རྐྱེན་ཁྱད་སེལ་བྱེད་པ་དང་། ཐོག་མར་ལས་ཞུགས་བརྟན་འཇགས་དང་དམངས་ཚིས་འགན་སྲུང་བྱེད་དགོས་ལ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དབུལ་ཐར་མཁྲེགས་གཏོར་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ནས་མུ་མཐུད་དུ་དཔལ་འབྱོར་དར་རྒྱས་དང་མི་རིགས་མཐུན་སྒྲིལ། ཁོར་ཡུག་ལེགས་སྒྱུར། མི་དམངས་ཕྱུག་སྒྱུར་བྱེད་པའི་མཛེས་སྡུག་གི་ཉིན་ཞ་གསར་བ་འཛུགས་སྐྲུན་བྱེད་དགོས་ཟེར།

ཟླ་དྲུག་པའི་ཚེས་བརྒྱད་ཉིན་ནས་ཚེས་བཅུ་ཉིན་བར། ཞི་ཅིན་ཕིང་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཁྲིན་རོན་ཨར་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཞན་ཧོས་གཉིས་ཀྱི་འགྲོ་རོགས་འོག སྔ་གཞུག་ཏུ་ཝུའུ་ཀྲུང་དང་དབྱིན་ཁྲོན་སོགས་ཀྱི་ཞིང་སྡེ་དང་གཞིས་ཁུལ། ཆུ་ལོག་འགོག་པའི་བཟོ་སྐྲུན། ཞིང་ལས་ཐོན་ལས་ས་ཁུལ་སོགས་ལ་ཕེབས་ཏེ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྲུང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བར་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཐད་ལ་རྟོག་ཞིབ་མཛད།

རྟོག་ཞིབ་མཛད་སྐབས། ཞི་ཅིན་ཕིང་གིས་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་བྱ་བའི་ཡར་ཞུ་ལ་ཉན་པ་དང་། ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཀྱིས་བྱ་བ་སྣ་ཚོགས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པར་མ་ཟད། ཉིན་ཞའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་དམ་པོ་བྱེད་པ་དང་དོན་དངོས་ཀྱི་བྱ་བ་བསྒྲུབ་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཞེས་བསྟན།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱུན་འཁྱོངས་ལྷོད་མེད་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་གྱི་འཕེལ་རྒྱས་རྣམ་པ་མྱུར་དུ་སྒྱུར་ཞིང་ཐོན་ལས་ཀྱི་ཚུལ་སྒྱུར་རིམ་འཕར་ཇེ་མགྱོགས་སུ་གཏོང་བ་དང་། སྒུལ་ནུས་གསར་རྙིང་མྱུར་དུ་སྒྱུར་ནས། དཔལ་འབྱོར་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཚད་ཀྱི་ལུགས་མཐུན་འཕར་སྣོན་དང་ངོ་བོའི་བརྟན་བརླིང་མཐོར་འདེགས་ལ་སྐུལ་འདེད་གཏོང་དགོས། ཁེ་ལས་ཀྱི་དཔྱ་ཁྲལ་ཁུར་བོ་ཇེ་ཡང་དུ་གཏོང་བའི་སྲིད་ཇུས་དོན་ཐོག་ཏུ་དངོས་འབེབས་བྱེད་པ་དང་། ནང་མཁོ་རྒྱ་བསྐྱེད་པའི་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་དོན་ཐོག་ཏུ་དངོས་འབེབས་བྱེད་པ། ལས་གཞི་ཆེན་པོར་མ་དངུལ་གཏོང་བའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། དུས་ཐོག་ཏུ་ཁེ་ལས་ཀྱིས་ཐོན་སྐྱེད་དང་བདག་གཉེར་སླར་གསོ་བྱེད་པར་ཐུག་པའི་གནད་དོན་སྣ་ཚོགས་ཐག་གཅོད་དགོས། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་རྟེན་གཞི་གསལ་བོར་ཤེས་པར་བྱས་ཏེ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་ཐིག་ཏུ་འཛིན་པ་དང་། ཐོན་སྐྱེད་དང་བཀོད་སྒྲིག འཁོར་རྒྱུག འཛད་སྤྱོད་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས། གསར་སྐྲུན་འདེད་སྐུལ་ནུས་པ་འདོན་སྤེལ་བྱས་ཏེ། ཐོན་ལས་དེ་སྤུས་ལེགས་ཅན་དང་ལྗང་མདོག་ཅན། རིག་ནུས་ཅན། མཉམ་བསྲེས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། དེང་རབས་ཞིང་ལས་ཐོན་ལས་མ་ལག་དང་ཐོན་སྐྱེད་མ་ལག བདག་གཉེར་མ་ལག་མྱུར་དུ་འཛུགས་སྐྲུན་བྱས་ནས། ཉིན་ཞའི་སྔར་ལས་མང་པོའི་ཞིང་ཐོན་དངོས་རྫས་ཚོང་རར་སྐྱོད་དུ་འཇུག་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། བརྟན་ཞིང་འགྱུར་བ་མེད་པའི་ཕུགས་འདུན་འདུ་ཤེས་ནི་ནམ་ཡང་ང་ཚོ་སྤོབས་པ་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་ལྕག་བྱེད་པ་དང་། དཀའ་ཁག་སྣ་ཚོགས་ཁྱད་དུ་བསལ་པའི་སྟོབས་ཤུགས་ཀྱི་མགོ་ཁུངས་ཡིན། ཏང་ཡོངས་ཀྱི་བློ་མཐུན་དང་ལྷག་པར་དུ་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅིངས་ཤིང་། དུས་དང་རྣམ་པ་ཀུན་ཏུ་ལངས་ཕྱོགས་བརྟན་ཞིང་ཆབ་སྲིད་ཀྱི་གཏན་ཤུགས་སྲུང་འཛིན་བྱེད་པ་དང་། ཏང་གི་འགོ་ཁྲིད་ལ་འགྱུར་བ་མེད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་དགོས་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་འགྱུར་བ་མེད་པ་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་དམིགས་འབེན་ལ་འགྱུར་བ་མེད་པ་རྒྱུན་འཁྱོངས་བྱས་ནས། རྒྱུན་འཁྱོངས་ལྷོད་མེད་སྒོས་གསར་བརྗེ་སྔོན་རབས་པས་འབད་འཐབ་བྱས་པའི་རླབས་ཆེན་ལས་དོན་མདུན་དུ་སྐྱོད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་འབད་འཐབ་སྙིང་སྟོབས་སྐུལ་བ་དང་ནུས་ལྡན་བྱེད་ཐབས་སྤྱད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱེད་པ་དང་། བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། མང་ཚོགས་ལ་བདེ་སྐྱིད་སྐྲུན་པ་དེ་ཆབ་སྲིད་གྲུབ་འབྲས་གལ་ཆེན་ཏུ་བརྩིས་ཏེ་ལས་བྱེད་པས་ཁག་ཁུར་བྱེད་པའི་སྐུལ་ལྕག་རྐྱེན་སྲོལ་འཛུགས་པ་དང་ཆ་ཚང་དུ་གཏོང་བ་དང་། རྦད་ཆོད་སྒོས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱེད་དགོས། སྤྱོད་བསྲང་སྒྲིག་གཅུན་རྒྱུན་འཁྱོངས་བྱེད་པ་དང་། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཉན་པ། རུལ་སུངས་བྱེད་མི་འདོད་པར་སྐུལ་འདེད་བཏང་ནས། སྤྱོད་གཙང་སྲོལ་བཟང་གི་ལས་སྤེལ་ཁོར་ཡུག་གསར་སྐྲུན་བྱེད་དགོས་ཟེར།

ཏའེ་ཞའོ་ཞང་དང་ལིག་ཧི། ཁྲིན་ཞི། ཧི་ལིས་ཧྥིན། དེ་མིན་ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་རྟོག་ཞིབ་བྱ་བར་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།