ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་རྒྱ་མཚོ་ཨང་དང་པོ་རྟགས་ཅན་གྱི་སྲུང་སྐརDབདེ་བླག་ངང་འཕེན་གཏོང་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས11ཉིན་གྱི་ཆུ་ཚོད2དང་སྐར་མ31སྟེང་། རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གཉིས་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་སྤྱད་དེ་རྒྱ་མཚོ་ཨང་དང་པོ་རྟགས་ཅན་གྱི་སྲུང་སྐརDསྔོན་དཔག་གཏན་འཁེལ་བྱས་པའི་འཁོར་ལམ་དུ་བདེ་བླག་ངང་བསྐྱལ་ཞིང་། འཕེན་གཏོང་བྱ་བ་ལེགས་གྲུབ་བྱུང་།

(图文互动)(3)我国成功发射海洋一号D卫星

ཟླ6པའི་ཚེས11ཉིན་གྱི་ཆུ་ཚོད2དང་སྐར་མ31སྟེང་། རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གཉིས་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་སྤྱད་དེ་རྒྱ་མཚོ་ཨང་དང་པོ་རྟགས་ཅན་གྱི་སྲུང་སྐརDསྔོན་དཔག་གཏན་འཁེལ་བྱས་པའི་འཁོར་ལམ་དུ་བདེ་བླག་ངང་བསྐྱལ་ཞིང་། འཕེན་གཏོང་བྱ་བ་ལེགས་གྲུབ་བྱུང་།

 རྒྱ་མཚོ་ཨང་དང་པོ་རྟགས་ཅན་གྱི་སྲུང་སྐརDནི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་སྡེ་ཚོགས་ཚད་ཡོད་ཀུང་སིས་ཞིབ་འཇུག་དང་ཐོན་སྐྱེད་བྱས་པའི་རྒྱ་མཚོའི་ཆུ་མདོག་ལས་སྒོའི་སྲུང་སྐར་ཞིག་ཡིན་ལ། འཕེན་གཏོང་བྱས་རྗེས་རྒྱ་མཚོ་ཨང་དང་པོ་རྟགས་ཅན་གྱི་སྲུང་སྐརCདང་འཁོར་སྐྱོད་དྲ་རྒྱ་བཙུགས་ནས་འཁོར་སྐྱོད་བྱ་རྒྱུ་རེད། དེའི་བྱེད་ནུས་གཙོ་བོ་ནི་གོ་ལ་ཧྲིལ་པོའི་རྒྱ་མཚོའི་ཆུ་མདོག་དང་ཆུའི་དྲོད་ཚད། རང་རྒྱལ་གྱི་སྐམ་ས་དང་གོ་ལ་ཧྲིལ་པོའི་གཙོ་གནད་ས་ཁོངས་ཀྱི་རྒྱ་མཚོའི་འགྲམ་རྒྱུད་ཀྱི་ཁོར་ཡུག་འགྱུར་ལྡོག དེ་མིན་སྐམ་སའི་ས་ཁོངས་ཀྱི་གྲངས་གཞི། མཚོ་ཐོག་གྲུ་གཟིངས་ཀྱི་ཆ་འཕྲིན་བཅས་ཚད་འཇལ་ཐིག་ལེན་བྱས་ནས་རྒྱ་མཚོའི་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། རྒྱ་མཚོའི་གནོད་འཚེའི་སྔོན་བརྡ། རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་དང་ཁྲིམས་འཛིན། རྒྱ་མཚོའི་ཚན་རིག་ཞིབ་འཇུག་བཅས་ལ་ཞབས་འདེགས་ཞུ་པར་སྤྱོད་རྒྱུ་རེད།

ད་ཐེངས་ཀྱི་ལས་འགན་ནི་རྒྱང་སྐྱོད་རིམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་འཕུར་སྐྱོད་བྱེད་ཐེངས334པ་རེད།

(图文互动)(1)我国成功发射海洋一号D卫星

ཟླ6པའི་ཚེས11ཉིན་གྱི་ཆུ་ཚོད2དང་སྐར་མ31སྟེང་། རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གཉིས་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་སྤྱད་དེ་རྒྱ་མཚོ་ཨང་དང་པོ་རྟགས་ཅན་གྱི་སྲུང་སྐརDསྔོན་དཔག་གཏན་འཁེལ་བྱས་པའི་འཁོར་ལམ་དུ་བདེ་བླག་ངང་བསྐྱལ་ཞིང་། འཕེན་གཏོང་བྱ་བ་ལེགས་གྲུབ་བྱུང་།

(图文互动)(2)我国成功发射海洋一号D卫星

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།