ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་དང་འབར་མའི་ཙུང་ཐུང་གིས་ཀྲུང་གོ་དང་འབར་མའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་འགོར་བའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་འབར་མའི་རྒྱལ་སྲིད་ཙི་ཀྲིན་ཨང་ཧྲན་སོ་ཅི་གཉིས་ཀྱིས་ཀྲུང་གོ་དང་འབར་མའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་འགོར་བའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། 

ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུང་དོན། གནས་བབ་གསར་བའི་འོག ཀྲུང་གོའི་ཕྱོགས་ཀྱིས་འབར་མ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་ལྟ་ཚུལ་དངོས་འབེབ་བྱེད་པ་གཙོ་སྙིང་དུ་བཟུང་སྟེ། འཕེལ་རྒྱས་འཐབ་ཇུས་མྱུར་དུ་སྦྲེལ་མཐུད་དང་། བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་དང་ཀྲུང་གོ་དང་འབར་མའི་དཔལ་འབྱོར་བར་ཁྱམས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་འབར་མའི་ལས་སྐལ་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས། 

ཨང་ཧྲན་སོ་ཅི་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུང་དོན། འབར་མ་དང་ཀྲུང་གོའི་བརྒྱུད་གཅིག་ལམ་གཅིག་དང་ཀྲུང་གོ་དང་འབར་མའི་དཔལ་འབྱོར་བར་ཁྱམས་ཀྱི་མཉམ་ལས་ལས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པ་ཁོ་ཐག་ཡིན། འབར་མ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་འབྲེལ་བ་དང་དངོས་གཉེར་མཉམ་ལས་ལ་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།