ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་དང་པོ་ནས་ཟླ་བཞི་པའི་བར་རང་རྒྱལ་གྱི་དྲ་སྦྲེལ་ལས་རིགས་ལ་བསྐྱར་འཕར་གྱི་རྣམ་པ་མངོན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར་གསར་འགོད་པས་བཟོ་འཕྲིན་པུའུ་ནས་ཤེས་རྟོགས་བྱས་པར། འདི་ལོའི་ཟླ་དང་པོ་ནས་ཟླ་བཞི་པའི་བར་རང་རྒྱལ་གྱི་དྲ་སྦྲེལ་དང་འབྲེལ་ཡོད་ལས་སྒོ་ཁྱོན་ཡོངས་ནས་བསྐྱར་འཕར་གྱི་རྣམ་པ་མངོན་པ་དང་། ལས་སྒོའི་ཡོང་འབབ་དང་། ཁེ་གཙང་། ཞིབ་སྤེལ་མ་དངུལ་སོགས་ཀྱི་སྟོན་གྲངས་མང་པོ་ཞིག་འཕར་བའི་ནང་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་3446ལེགས་གྲུབ་བྱས་པ་དེ་དུས་མཚུངས་ལས་4.9%འཕར་བ་དང་། འཕར་ཚད་ཟླ་དང་པོ་ནས་ཟླ་བ་གསུམ་པ་ལས་བརྒྱ་ཆའི་གྲངས་3.4འཕར་ཡོད་པ་རེད།

སྤྱི་ཡོངས་ཀྱི་འཁོར་སྐྱོད་གནས་ཚུལ་ནས་བལྟས་ན། ཟླ་དང་པོ་ནས་ཟླ་བཞི་པའི་བར་ལས་རིགས་ཀྱི་ཁེ་གཙང་ཆག་པའི་རྣམ་པར་འགྱུར་ལྡོག་བྱུང་ནས་ལས་རིགས་ཧྲིལ་པོའི་ལས་གཉེར་ཁེ་གཙང་སྒོར་དུང་ཕྱུར་327.3ལེགས་གྲུབ་བྱུང་སྟེ་དུས་མཚུངས་ལས་4.8%འཕར་ཡོད། ཞིབ་སྤེལ་མ་དངུལ་མགྱོགས་མྱུར་འཕར་བ་དང་། ཟླ་དང་པོ་ནས་ཟླ་བཞི་པའི་བར་ལས་རིགས་ཧྲིལ་པོས་ཞིབ་སྤེལ་གྱི་གྲོན་དངུལ་སྒོར་དུང་ཕྱུར་172.7ལེགས་གྲུབ་བྱས་པ་དེ་དུས་མཚུངས་ལས་5.3%འཕར་བ་དང་། འཕར་ཚད་ཟླ་དང་པོ་ནས་ཟླ་གསུམ་པའི་བར་ལས་བརྒྱ་ཆའི་གྲངས་5.3འཕར་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།