ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཀྲང་གྲོས་ཚོགས་སྐབས་ང་བརྒྱད་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ་དྲུག་པའི་ཚེས་གཅིག་ཉིན་ཨུ་ཡོན་ཀྲང་གྲོས་ཚོགས་སྐབས་ང་བརྒྱད་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་སྐབས་ཀྱི་གསུང་བཤད་གལ་ཆེན་དང་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉི་ཤུ་ལོའི་བྱ་བའི་གཙོ་གནད་དང་ཁྲིམས་འཛུགས། ལྟ་རྟོག འཐུས་མིའི་བྱ་བའི་འཆར་གཞིའི་བཟོ་བཅོས་མ་ཡིག་བཅས་ལ་གྲོས་ཞིབ་བྱས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལེ་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད། 

གྲོས་ཚོགས་ནས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པ་ནི་མཐོང་རྒྱ་ཡངས་ཤིང་མིག་རྒྱང་རིང་བ་དང་། བསམ་བློའི་གཏིང་ཟབ་ལ། ནང་དོན་ཕུན་སུམ་ཚོགས། ཕན་ཚུན་འབྲེལ་བ་དམ་ཟབ་ཡོད་ལ། མངོན་པར་གསལ་བའི་ཆབ་སྲིད་རང་བཞིན་དང་གཞུང་ལུགས་རང་བཞིན། མཛུབ་སྟོན་རང་བཞིན། ལག་ལེན་རང་བཞིན་བཅས་ལྡན། དེས་ཏང་ཡོངས་དང་རྒྱལ་ཡོངས་ནས་ཚོགས་ཆེན་གྱི་དགོངས་དོན་ལག་ལེན་དངོས་འབེབ་བྱེད་པ་དང་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་བྱ་བར་མཛུབ་སྟོན་དང་བཅའ་ཡིག་འདོན་སྤྲོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་བསྡོམས་བྱས་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་སྲུང་གི་ཕྱོགས་བརྒྱད་ཀྱི་ཉམས་མྱོང་རྩ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་གོ་བ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་མི་དམངས་བླ་རུ་བཀུར་བའི་རེ་བ་མཐའ་གཅིག་ཏུ་ལག་ལེན་བྱེད་པ། ཆེ་ཕྱོགས་གཉིས་བར་གྱི་ཕྱོགས་མང་བོ་དང་རིམ་པ་མང་བོའི་འབྲེལ་འདྲིས་གཏིང་ཟབ་ཏུ་སྤེལ་ནས། ད་ལོའི་ཏང་དང་རྒྱལ་ཁབ་བྱ་བའི་དམིགས་འབེན་ལས་འགན་དང་སྤྱིའི་རེ་བར་དམ་པོར་དམིགས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལོན་པར་རམ་འདེགས་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་དགོས་པར་མ་ཟད། དམངས་ཆེན་གྱི་ཁྲིམས་འཛུགས་འགན་ནུས་འདོན་སྤེལ་བྱས་ནས་དུས་རབས་གསར་བའི་དམངས་ཆེན་བྱ་བ་བཟང་བོར་བསྒྲུབ་དགོས་ཞེས་གསུངས། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་བྱེད་པ་དང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ནན་ཏན་གྱིས་ལག་ལེན་དངོས་འབེབ་བྱེད་པ་དང་། འགན་འཁྲི་ལག་བསྟར་དང་ཁག་ཁུར་བརྩོན་ལེན་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་དགོས་པར་མ་ཟད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་པར་དགོས་ངེས་ཀྱི་བྱས་རྗེས་འཇོག་དགོས་ཞེས་གསུངས། 

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དབྱང་ཀྲིན་ཝུའུ་ཡིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉི་ཤུ་ལོའི་བྱ་བའི་གཙོ་གནད་དང་ཁྲིམས་འཛུགས། ལྟ་རྟོག འཐུས་མིའི་བྱ་བའི་འཆར་གཞིའི་བཟོ་བཅོས་མ་ཡིག་ཐད་ནས་སྙན་ཞུ་ཕུལ།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།