ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པས་བརྙན་རིས་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1126031737_15904161127901n.jpg

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་བརྙན་རིས་གྲོས་ཚོགས་ཀྱི་ཚོགས་ར་གཙོ་བོའི་ཡུལ་དངོས་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པས་ཚེས25ཉིན་གྱི་སྔ་དྲོར་བརྙན་རིས་གྲོས་ཚོགས་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས། ཚོགས་ཐོག་ཏུ་ཨུ་ཡོན12ཀྱིས་གཏམ་བཤད་གནང་བ་དང་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་སུ་གྲོས་ཚོགས་ཀྱི་ཚོགས་ར་གཙོ་བོ་བཙུགས་པ་དང་ཨུ་ཡོན་སྡོད་གནས་སུ་ཡན་ལག་ཚོགས་ར་བཙུགས་པ་རེད།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའམ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན་ཚོགས་འདུར་ཞུགས་ནས་གཏམ་བཤད་ལ་ཉན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལི་དང་ལིག་ཆི་པོ། ཝན་ཀང་། ཧོ་ཧོའུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲིན་ཝེ། མ་པེའོ། ཁྲིན་ཞའོ་ཀོང་། ལིའང་ཀྲིན་དབྱིན། དབྱང་ཁྲོན་ཐང་། ལི་པིན། པ་ཐིར། ཝང་ཡུང་ཆིན། ཧོ་ལིས་ཧྥིན། སུའུ་ཧོས། ཀྲིན་ཅན་པང་། ལིའུ་ཞིན་ཁྲིན། ཧོ་ཝེ། ཧྲའོ་ཧོང་། ཀའོ་ཡུན་ལུང་བཅས་གྲོས་ཚོགས་ལ་ཞུགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀུའུ་ཧྲིན་ཙུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཚོགས་ཐོག་ནས་ཨུ་ཡོན་ཧོང་ལུའུ་ཆི་ཡིས་བཤད་དོན། ལག་ལེན་དངོས་ལས་ཀྲུང་ལུགས་སྨན་རྫས་ཀྱིས་རིམས་འགོག་ཁྲོད་དུ་ནུས་པ་གལ་ཆེན་ཐོན་པ་བདེན་དཔང་བྱས་ཡོད་ཟེར། ཁོས་ཀྲུང་ལུགས་དང་ཕྱི་ལུགས་སྨན་རྫས་མཉམ་ལས་བྱེད་པའི་རིམས་འགོག་ནུས་ལྡན་གྱི་རྒྱུན་མཐུད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཀྲུང་ལུགས་སྨན་རྫས་ཀྱི་ཆེད་མཁས་པ་བསྡུ་ལེན་བྱས་ནས་རྒྱལ་ཁབ་ཀྱི་རིམ་པ་སོ་སོའི་རིམས་ནད་འགོག་བཅོས་ཁྲོད་དུ་ཞུགས་པའི་ཐབས་ཇུས་དང་ཇུས་གཞི་གཏན་འཁེལ་བྱེད་པ་དང་། ཀྲུང་ལུགས་སྨན་རྫས་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པར་མ་ཟད། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཀྲུང་ལུགས་དང་ཕྱི་ལུགས་སྨན་རྫས་མཉམ་སྦྲེལ་སྒོས་འགོས་ནད་འགོག་བཅོས་བྱེད་པའི་སྟེགས་བུ་འཛུགས་སྐྲུན་བྱེད་དགོས་པའི་གྲོས་གཞི་བཏོན།

ཨུ་ཡོན་ལོ་ཀྲི་ཅུན་གྱིས་རྒྱལ་ཁབ་ཕྱི་ནང་ལ་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་འོག ཞིང་བ་ལས་མི་ལས་ཞུགས་བྱེད་པར་དཀའ་ཁག་གང་མང་དང་འཕྲད། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་ཀྱི་གནས་བབ་གསར་བ་གསལ་བོར་ཤེས་པར་བྱས་ཏེ། ཐོན་ལས་ལ་བརྟེན་ནས་ལས་ཞུགས་བརྟན་འཇགས་སུ་གཏོང་བ་དང་། ཐོན་ལས་སྦྲེལ་ཐག་ཡོངས་དང་རོགས་ལས་བྱས་ནས་ལས་ཐོན་བསྐྱར་ཚུགས་བྱེད་པར་སྐུལ་འདེད་གཏོང་དགོས། བཅོས་སྒྱུར་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་མ་ལག་དང་ལས་ཞུགས་ཞབས་ཞུའི་མ་ལག་འཛུགས་དགོས་པར་མ་ཟད། ཚན་རྩལ་གསར་བ་དང་ལས་གནས་གསར་བའི་གསོ་སྦྱོང་རྒྱ་ཆེར་སྤེལ་དགོས། ཞབས་ཞུ་ལ་བརྟེན་ནས་ལས་ཞུགས་ལ་འགན་སྲུང་བྱེད་པ་དང་། རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་པའི་ཐོན་ལས་དང་ཁེ་ལས་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས་ཡང་བསྐྱར་དབུལ་ཕོངས་སུ་གྱུར་བའི་ཞིང་བ་ལས་མི་རོགས་སྐྱོར་བྱ་ཡུལ་དུ་འཇོག་དགོས་ཟེར།

ཨུ་ཡོན་ཅང་ཙེ་ལིན་གྱིས་མཉམ་འདྲེས་འཕེལ་རྒྱས་གཏོང་རིང་གཉེར་སྐྱོང་བྱེད་པོ་ཡོངས་ཀྱི་དབང་ཆ་འདྲ་མཚུངས་དང་། འགན་འཁྲི་ཆ་འགྲིག གཉིས་ཕན་མཉམ་རྒྱལ་བཅས་ཀྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་བཙུགས་ནས་ཞིང་པའི་ཡོང་འབབ་འགན་ལེན་ཏན་ཏིག་བྱེད་པ་དང་། ས་ཞིང་སོགས་མཁོ་སྤྲོད་སྲིད་ཇུས་འཐུས་ཚང་དུ་བཏང་ནས་རྒྱུ་རྐྱེན་གཙོ་བོའི་ཚོད་འཛིན་ལས་སྒྲོལ་བ། དེང་རབས་ཞིང་ལས་ཀྱི་སྣེ་འདྲེན་ནུས་པ་ཆེ་གྲས་འདོན་སྤེལ་བྱས་ནས་མཉམ་འདྲེས་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་རམ་འདེགས་བཅས་བྱས་ཏེ་ཞིང་པར་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་ཐུབ་པ་བྱེད་དགོས་པའི་གྲོས་གཞི་བཏོན། 

ཨུ་ཡོན་ལིའུ་པིན་ཅང་གིས་“ལོ་ལྔའི་ཚན་བཅུ་བཞི་པའི་”འཆར་འགོད་ནང་རླུང་ཁམས་ཆེན་མོར་སྦགས་བཙོག་བཟོ་བའི་ཐོན་ལས་གྲུབ་ཚུལ་ཅུང་ཚབས་ཆེ་བ་དང་། བཀོད་སྒྲིག་ཅུང་འཁྲུག་པ། ནུས་པའི་འབྱུང་ཁུངས་ཀྱི་གྲུབ་ཚུལ་རྡོ་སོལ་ཁ་ཕྱོགས་པ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གྲུབ་ཚུལ་ལས་གཞུང་ལམ་གཙོ་བོར་འཛིན་པ་སོགས་ཀྱི་ལྟེ་བའི་གནད་དོན་ལ་དམིགས་ཏེ་གཅིག་གྱུར་གྱིས་ཇུས་འདོན་བྱས་ནས་འབྲི་ཆུའི་ཟུར་གསུམ་གླིང་དང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་། པེ་ཅིན་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁོངས་ཀྱི་གཙོ་གནད་ཐོན་ལས་གཅིག་བསྡུས་བྱེད་ཚད་མཐོ་རུ་གཏོང་བ་དང་། ས་ཁོངས་ཆེན་པོ་གསུམ་གྱི་རྡོ་སོལ་འཛད་སྤྱོད་བསྡོམས་འབོར་ཚོད་འཛིན་བྱེད་པ། ལྕགས་ལམ་ཟོག་འདྲེན་བསྡུར་ཚད་མཐོ་རུ་གཏོང་བ་དང་། འབར་སྣུམ་སྦགས་བཙོག་དངོས་པོ་འབུད་ཚད་འབྱུང་རྩ་ནས་ཉུང་དུ་གཏོང་དགོས་པའི་གྲོས་གཞི་བཏོན། 

ཨུ་ཡོན་ཧོ་ཏིང་དབྱིས་གཏམ་བཤད་གནང་སྐབས་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ20སོང་རིང་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་བྱེད་ཕྱོགས་བློ་རྩ་བརྟན་པོས་ལག་བསྟར་དོན་འཁྱོལ་བྱས་ཏེ། “ཨའོ་མོན་གྱི་ཁྱད་ཆོས་དང་། ཨའོ་མོན་གྱི་ཉམས་མྱོང་”བཅས་གསར་སྐྲུན་བྱས་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་ལམ་ལུགས་ཀྱི་ཡིད་རྟོན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་མེས་རྒྱལ་དང་བདེ་སྡུག་མཉམ་མྱོང་དང་། གཅིག་སེམས་གཅིག་སྦྲེལ་བཅས་བྱས་ཏེ་དུས་རབས་གསར་པར་ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ལག་བསྟར་བྱས་ཏེ་ཡུན་རིང་བརྟན་པོ་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཟེར། 

ཨུ་ཡོན་ཞའོ་རན་གྱིས་ཐེངས་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ནི་མི་རིགས་ཀྱི་སྙིང་སྟོབས་དུས་རབས་གསར་པར་གསོན་ཉམས་དོད་ཤོས་ཀྱི་གསལ་བཤད་ཅིག་རེད། རྒྱལ་གཅེས་རིང་ལུགས་སྲོག་ཤིང་ཡིན་པའི་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་དུས་རབས་གསར་པའི་མི་རིགས་སྙིང་སྟོབས་ཀྱི་ལོ་རྒྱུས་ཟིན་ཐོ་དང་རྒྱུན་འཛིན་ཏན་ཏིག་བྱེད་པ་དང་། དུས་རབས་གསར་པའི་མི་རིགས་ཀྱི་སྙིང་སྟོབས་རྨང་གཞིར་བྱེད་པའི་རིག་གནས་ཀྱི་ཡིད་རྟོན་གསོ་སྐྱོང་དང་སྲ་བརྟན་དུ་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མཉམ་སྒྲོག་རོལ་དབྱངས་ཀྱི་ལེའུ་རྩོམ་དགོས་ཟེར། 

ཚོགས་ཐོག་ནས་ད་དུང་ཨུ་ཡོན་ཁྲིན་ཧོང་དང་ཀྲིག་ཧན་མེན། ཀྲང་ཡུས་ཏུང་། ཡན་ཞའོ་ཕེ། ལེན་ཅེ་ཏི། ཅང་ཡིང་སོགས་ཀྱིས་ལས་ཁུངས་རང་དང་ས་གནས་རང་གི་དོན་དངོས་དང་སྦྲེལ་ནས་གྲོས་གཞི་བཏོན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།