ཞི་ཅིན་ཕིང་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་ནང་སོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 

ཚོགས་ཐོག་ཏུ་ཧྥེ་ཏུང་པེན་དང་ཧའོ་ཀྲའོ་ལེང་། མེ་ཧྭ་སོགས་འཐུས་མི་ཡིས་དབུལ་ཐར་མཁྲེགས་གཏོར་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་པ་དང་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ཤུགས་ཚད་ཇེ་ཆེར་གཏོང་བ། འཁོར་སྐྱོད་ཏང་ཀྲི་པུའུ་ཡི་ནུས་པ་འདོན་སྤེལ་བྱེད་པ། སྲོག་ཆགས་ཀྱི་རིམས་ནད་འགོག་སྲུང་ནུས་པ་མཐོར་འདེགས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་ལེགས་སྒྲུབ་བྱེད་པ་སོགས་ཀྱི་གནད་དོན་ཐད་ནས་གཏམ་བཤད། ཞི་ཅིན་ཕིང་གིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས་གསུང་བཤད་གནང་། ཁོང་གིས་ཐོག་མར་སྲིད་གཞུང་བྱ་བའི་སྙན་ཞུ་ལ་འཐད་པ་བྱུང་བའི་ཚུལ་བསྟན་པ་དང་ནང་སོག་གིས་ལོ་གཅིག་གི་རིང་ལ་བསྒྲུབས་པའི་བྱ་བར་ཁས་ལེན་གང་ལེགས་མཛད་པར་མ་ཟད། ནང་སོག་གི་བློ་མཐུན་རྣམས་ཀྱིས་ཤུགས་ཆེན་པོས་རྟ་མཆོག་གི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ཏེ། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་དགོངས་པ་རྒྱུན་འཁྱོངས་བྱེད་པ་དང་། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། རྦད་ཆོད་སྒོས་མཁྲེགས་གཏོར་འཐབ་ཇུས་ཆེན་པོ་གསུམ་གྱི་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་པ་དང་། ཏན་ཏན་ཏིག་ཏིག་སྒོས་བརྟན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་ནས་འགན་སྲུང་དྲུག་གི་ལས་འགན་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་། རྦད་ཆོད་སྒོས་རིམས་ནད་ཀྱིས་བཟོས་པའི་རྐྱེན་ངན་སེལ་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་པའི་དམིགས་འབེན་དང་ལས་འགན་ལ་འགན་སྲུང་བྱེད་པ་དང་། དུས་རབས་གསར་བའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་སྟེང་དུ་ནང་སོག་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།