ཀྲུང་གོ་བོད་ཀྱི་དྲ་བ།

ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གསུམ་པ་ཟླ11པའི་ཟླ་སྟོད་དུ་འཚོག་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཀྲུང་དབྱང་བརྙན་འཕྲིན་དྲ་བའི་གློག་འཕྲིན་ལྟར་ན། ཟླ5བའི་ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གཞི་རྩའི་ཕྱི་འཚོང་ཕྱི་དངུལ་བརྟན་འཇགས་དང་ཚོང་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཡོངས་བསྒྲགས་ཚོགས་འདུའི་སྟེང་། ཚོང་དོན་པུའུ་པུའུ་ཀྲང་གཞོན་པ་ཝང་པིན་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ནི་ཀྲུའུ་ཞི་ཞི་ཅིང་ཕིང་གིས་དངོས་སུ་ཇུས་འགོད་དང་བཀོད་སྒྲིག སྐུལ་འདེད་བཏང་བ་ཡིན། དེ་ནི་ང་ཚོས་བཅོས་སྒྱུར་སྒོ་དབྱེ་མཐའ་འཁྱོངས་དང་། རང་འགུལ་ངང་འཛམ་གླིང་ལ་ཚོང་ར་སྒོ་འབྱེད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་བདེ་ལེགས་ངང་འཚོགས་པ་དང་། རྒྱལ་སྤྱིའི་ཉོ་སྒྲུབ་སྟེགས་བུ་དང་དངུལ་གཏོང་སྐུལ་འདེད་སྟེགས་བུ། མི་ཆོས་འབྲེལ་འདྲིས་སྟེགས་བུ་དང་སྒོ་འབྱེད་མཉམ་ལས་སྟེགས་བུའི་བྱེད་ནུས་ཉིན་རེར་མངོན་གསལ་དུ་གྱུར་ཡོད་པ་དང་། ཕྱོགས་བསྡུས་བཟང་ཆ་མུ་མཐུད་དུ་ཇེ་ཆེར་སོང་ནས། རྒྱལ་ཁབ་ཕྱི་ནང་ཀུན་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ནས་བསྔགས་བརྗོད་མང་པོ་ཐོབ་ཡོད།

ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གསུམ་པ་དེ་ང་ཚོས་ཟླ11པའི་ཚེས5ནས10བར་ཀྲུང་གོའི་ཧྲང་ཧའེ་རུ་འཚོག་རྒྱུ་ཡིན་པ་དང་། སྤྱིའི་སྒྲིག་གཞི་ནི་སྐབས་སྔོན་མ་དང་ཕལ་ཆེར་འདྲ། དེར་རྒྱལ་ཁབ་ཕྱོགས་བསྡུས་འགྲེམ་ཁུལ་དང་། ཁེ་ལས་ཚོང་ལས་འགྲེམ་ཁུལ། ཧོང་ཆའོ་རྒྱལ་སྤྱིའི་གླེང་སྟེགས་བཅས་ཁག་ཆེན་པོ་གསུམ་འདུས་ཡོད། 

མིག་སྔར་གྲ་སྒྲིག་གི་ལས་ཀ་དག་གོ་རིམ་ངང་བདེ་བླག་སྒོས་སྤེལ་བཞིན་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།