ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཆེས་གསར་བའི་རིམས་ནད་གནས་ཚུལ་དང་དེ་མིན་སྨན་ཞབས་པས་ཧུའུ་པེ་ཞིང་ཆེན་དུ་རོགས་སྐྱོར་རིམས་འགོག་བྱས་པའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།

ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན་གྱི་དུས་ཚོད་ཉེར་བཞིའི་བར། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་ད་ལྟ་པྲོག་དབྱིབས་ནད་དུག་ལ་ངོས་འཛིན་བྱས་པའི་ནད་པ་བརྒྱ་དང་བཅོ་ལྔ་ཡར་ཞུ་བྱས་ཤིང་། དེའི་ནང་དུ་ཕྱི་ནས་ནང་ལ་མཆེད་པའི་ངོས་འཛིན་བྱས་པའི་ནད་པ་བརྒྱད་ཅུ་ཡོད་ལ། ཉིན་དེར་ངོས་འཛིན་བྱས་པའི་ནད་པ་གཅིག་འཕར་སྣོན་བྱུང་ཞིང་ནད་པ་དེ་ནི་ཕྱི་ནས་ནང་ལ་མཆེད་པའི་ནད་པ་ཡིན། ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན་གྱི་དུས་ཚོད་ཐིག་ནས་དུས་ཚོད་ཉེར་བཞིའི་བར། གསོ་རིག་ཐད་ནས་བརྟག་དཔྱད་བྱེད་པའི་ནད་རྟགས་མི་མངོན་པའི་འགོས་ཁྱབ་ནད་པ་བཅོ་ལྔ་འཕར་སྣོན་བྱུང་བ་དང་། ད་ལྟ་གསོ་རིག་ཐད་ནས་བརྟག་དཔྱད་བྱེད་པའི་ནད་རྟགས་མི་མངོན་པའི་འགོས་ཁྱབ་ནད་པ་བདུན་བརྒྱ་དང་དྲུག་ཅུ་ཡོད་པ་དང་། དེའི་ནང་དུ་ཕྱི་ནས་ནང་ལ་མཆེད་པའི་ནད་པ་སོ་བརྒྱད་ཡོད།

སྒྲོག་སྤེལ་ཚོགས་འདུའི་སྟེང་། སྨན་ཞབས་བྱ་བ་སྒྲུབ་མཁན་གྱི་འཐུས་མིས་ཧུའུ་པེ་ཞིང་ཆེན་དུ་རོགས་སྐྱོར་རིམས་འགོག་བྱས་པའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།