ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ཚོགས་འདུ་ཐེངས་ང་གསུམ་པར་གཙོ་སྐྱོང་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

  ཚེས11ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཚོགས་འདུ་ཐེངས་ང་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས་པ་དང་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གཙོ་སྐྱོང་གནང་། ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་ཟླ5བའི་ཚེས18ཉིན་པེ་ཅིང་དུ་འཚོག་རྒྱུའི་གཏན་ཁེལ་བྱས་པ་རེད།

ཚེས11ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཚོགས་འདུ་ཐེངས་ང་གསུམ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས་པ་དང་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གཙོ་སྐྱོང་གནང་། ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་ཟླ5བའི་ཚེས18ཉིན་པེ་ཅིང་དུ་འཚོག་རྒྱུའི་གཏན་ཁེལ་བྱས་པ་རེད།

ཞིན་ཧྭ་གསར་འགྱུར་ཁ་གི་གློག་འཕྲིན་ལྟར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ལས་འགན་གཙོ་བོ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པར་གྲ་སྒྲིག་བྱ་རྒྱུ་དེ་རེད། ཨུ་ཡོན་ཀྲང་གི་ཚོགས་འདུའི་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་ཞིབ་གནང་རྒྱུར་འབུལ་རྩིས་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གྱི་མ་ཟིན་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་འཆར་ཟིན་ལ་གྲོས་ཞིབ་གནང་རྒྱུར་འབུལ་སྤྲོད་སྐོར་གྱི་ཨུ་ཡོན་ཀྲང་ཚོགས་འདུའི་གྲོས་གཞི་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མཚན་ཐོ་འཆར་ཟིན་ལ་གྲོས་ཞིབ་གནང་རྒྱུར་འབུལ་སྤྲོད་སྐོར་གྱི་གྲོས་གཞི། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཟུར་ཞུགས་མི་སྣའི་མཚན་ཐོའི་འཆར་ཟིན་ལ་གྲོས་ཞིབ་གནང་རྒྱུ། དེ་མིན་འབྲེལ་ཡོད་བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ་བཅས་ཀྱི་གྲོས་འགོ་འདོན་རྒྱུ་དེ་རེད།

 ཨུ་ཡོན་ཀྲང་ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཡིག་ཆེན་མོ་དབྱང་ཀྲེན་ཝུའུ་ཡིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་གྲོས་རིམ་འཆར་ཟིན་དང་། ཉིན་རེའི་བཀོད་སྒྲིག རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་འཆར་ཟིན་དང་། ཉིན་རེའི་བཀོད་སྒྲིག ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མཚན་ཐོའི་འཆར་ཟིན། ཟུར་ཞུགས་མི་སྣའི་མཚན་ཐོའི་འཆར་ཟིན་སོགས་ཀྱི་ཐད་སྙན་སེང་ཞུས་པ་རེད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་དང་གཞུང་དོན་ཐིན་ཞིབ་འཇུག་ཁང་གི་འགན་འཁུར་བས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་དང་འབྲེལ་བ་ཡོད་པའི་གྲོས་རིམ་གྱི་སྙན་སེང་ཞུས་པ་རེད།

  རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན་དང་། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་གཡོད་གཡོད། ཅི་པིང་ཤོན། ཨའེ་ལི་ཀེང·དབྱི་མིང་པ་ཧའེ། ཝན་ཨེ་ཤང་། ཁྲེན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཝུའུ་ཝུའེ་ཧྭ་བཅས་ཚོགས་འདུར་ཞུགས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།